![]() |
![]() |
![]() |
![]() |
ལྷ་ས།ཁྱེད་རང་གནས་མཆོག་ལྷ་སར་ལྟ་སྐོར་དུ་ཕེབས་པར་སྙིང་ཐག་པ་ནས་དགའ་བསུ་ཞུ། ལྷ་ས་ནི་བོད་ ལྗོངས་ཀྱི་ཆབ་སྲིད་ལྟེ་བ་ཡིན་པ་མ་ཟད། འཛམ་གླིང་སྟེང་གྲགས་སྙན་འབར་པའི་གནའ་བོའི་གྲོང་ཁྱེར་ ཞིག་ཀྱང་ཡིན། བོད་ལྗོངས་རིག་གནས་འཕེལ་རྒྱས་ཀུན་མཐུན་མ་དངུལ་ཐེབས་རྩ་ལྷན་ཚོགས་ཀྱིས་ལས་ ཀའི་དམིགས་བྱ་གཙོ་བོ་ནི་འཛམ་གླིང་ལ་ལྷ་ས་དང་བོད་ལྗོངས་ཀྱི་སྲོལ་རྒྱུན་བཟོ་བཀོད་ཀྱི་གྲུབ་ལུགས་ ཤེས་སུ་འཇུག་པ་དང་། བླ་ལྷག་ཏུ་ལོ་རྒྱུས་ཀྱི་ཤུལ་བཞག་འདི་དག་ལ་སྲུང་སྐྱོབ་དང་གང་ལེགས་ཀྱིས་ འཕེལ་རྒྱས་སུ་གཏོང་བར་རང་ནུས་ཡོད་རྒུ་འདོན་པ་དེ་ལགས། ཀྲུང་གོ་སྲིད་གཞུང་གིས་ལྷ་སའི་གནའ་ བོའི་བཟོ་བཀོད་ཀྱི་གལ་ཆེའི་དོན་སྙིང་ལ་གདེང་འཇོག་བྱས་པ་མ་ཟད། སྤྱི་ལོ་1982ལོར་ལྷ་ས་ནི་"ལོ་ རྒྱུས་ཀྱི་གྲོང་ཁྱེར་སྐད་གྲགས་ཅན་"ཡིན་ཞེས་དངོས་སུ་མིང་བཏགས།དེ་མིན་གཞན་མཉམ་འབྲེལ་རྒྱལ་ ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་ཀྱི་རྩ་འཛུགས་(UNESCO)ཀྱིས་ལྷ་སའི་ཕོ་བྲང་པོ་ཏ་ལ་དང་ ཇོ་ཁང་གཉིས་འཛམ་གླིང་གི་ལོ་རྒྱུས་ཤུལ་བཞག་གི་མིང་ཐོ་རུ་བཀོད་དོ། སྤྱི་ལོ་1993ལོ་ནས་ང་ཚོས་ལྷ་སའི་ལོ་རྒྱུས་བཟོ་བཀོད་ཀྱི་ཡིག་མཛོད་བཟོས་པ་དང་། དེ་ནས་བཟུང་ ཡིག་མཛོད་འདི་ནི་ང་ཚོས་རིག་དངོས་སྲུང་སྐྱོབ་ལས་ཀ་བསྒྲུབ་པར་མེད་དུ་མི་རུང་བའི་ཡོ་བྱད་ཅིག་ཏུ་ གྱུར། འདིའི་ནང་བཟོ་བཀོད་ཀྱི་གཞི་གྲངས་དང་བརྡ་འཕྲིན་རིགས་བརྒྱ་ལྷག་ལ་ཐད་ཀར་ལྟས་ཆོག་ལ།ཡང་ ན་ཁྱེད་ཀྱིས་སྷ་སའི་མཁར་རྙིང་དང་། ཕོ་བྲང་པོ་ཏ་ལ། བར་སྐོར་ས་ཁུལ་བཅས་ཀྱི་ས་ཁྲ་སྤེལ་མར་ བརྒྱུད་ནས་ཀྱང་ལྟ་ཀློག་བྱས་ཆོག་པ་མ་ཟད། ས་ཁྲ་འདི་དག་མར་ཕབ་སྟེ་བསྐྱར་པར་ཡང་བྱས་ཆོག འདྲ་པར་འདི་དག་ཏུ་སྲུང་སྐར་གྱིས་བླངས་པའི་ཡུལ་ལྗོངས་དང་ཉེ་ལམ་གྱི་འདྲ་པར་འདུས་ཡོད། བོད་ ལྗོངས་ཀྱི་ལོ་རྒྱུས་ལྡན་པའི་བཟོ་བཀོད་ཀྱི་རྩ་བའི་གྲུབ་ཆ་དག་བཟོ་བཀོད་ཀྱི་མིང་ཐོའི་འོག་མཚམས་སྦྱོར་ གསལ་པོ་ཡོད། |
![]() |
![]() |
![]() |
![]() |
![]() |
![]() |
![]() |
![]() |
||
![]() |
![]() |
|
ངོས་གཙོ། » ལྷ་ས།
|
||
པར་གཞི་བོད་ལྗོངས་རིག་གནས་འཕེལ་རྒྱས་ཀུན་མཐུན་ཐེབས་རྩ་ལྷན་ཚོགས་(THF)ལ་དབང་།
|