ལྷ་ས་ལུང་པའི་ངོ་སྤྲོད།

ལྷ་ས་གྲོང་ཁྱེར་ནི་མདོ་དབུས་མཐོ་སྒང་གི་ལྷོ་སྣེ་རུ་ཆགས་ཡོད་ལ། མཚོ་ངོས་ལས་རྨི་3,650མཆིས་ཤིང་། ཕལ་ ཆེར་ཨེ་ཅིའི་ཁེ་རོ་(Cairo)དང་གཞུང་ཐིག་གི་ཚད་གཅིག་ཏུ་གནས་ཡོད། ལྷ་ས་ལུང་པ་དེ་སྐྱིད་ཆུས་རྒྱུ་བ་དང་ བསྟུན་ནས་གྲུབ་པ་དང་། སྐྱིད་ཆུ་ནི་ཡར་ཀླུང་གཙང་པོའི་ཡན་ལག་ཡིན། ལྷ་ས་གྲོང་ཁྱེར་ནི་མཚེའུ་རྫིང་མང་ པོའི་མཐོ་སྒང་དུ་ཆགས་ཡོད་པ་མ་ཟད། མཐའ་རུ་དམར་པོ་རི་དང་། ལྕགས་པོ་རི། བོང་ལ་རི་བཅས་རི་གསུམ་ གྱིས་སྐོར་ཡོད། མདོ་དབུས་མཐོ་སྒང་གི་ས་ཁུལ་མང་པོར་གྲང་རླུང་འུར་འུར་དུ་སྡང་ཡང་། ལྷ་ས་ལུང་པ་རུ་དྲག་ ཏུ་གཡུག་མི་ཐུབ་པས། དྲོད་གྲང་སྙོམས་པོར་གྲགས་པའི་ལུང་པ་འདི་རུ་ལྷ་ས་གྲོང་ཁྱེར་ལ་དགེ་མཚན་མང་པོ་ཐོབ།

གཤམ་གྱི་རི་མོ་ནི་སྤྱི་ལོ་2000ལོའི་ཟླ་4པར་སྲུང་སྐར་གྱིས་པར་བཏབ་པ་ལྟར་བཟོས་པའི་ལྷ་ས་ལུང་པའི་རི་མོ་ ཞིག་ཡིན་པ་དང་། རི་མོ་འདིས་ལོ་རྒྱུས་ལྡན་པའི་བཟོ་བཀོད་ཀྱི་ས་ཁུལ་གསལ་བོར་བསྟན་འདུག ཁྱེད་ཀྱིས་ང་ ཚོས་བཟོས་པའི་ཡིག་མཛོད་ཁྲོད་ལོ་རྒྱུས་ལྡན་པའི་བཟོ་བཀོད་འདི་དག་གི་ཡིག་ཆ་ལག་སོན་བྱེད་ཐུབ།


མཁར་རྙིང་གི་ས་ཁྲ། | པོ་ཏ་ལ་དང་ལྕགས་པོ་རིའི་ས་ཁྲ།  |  གླིང་སྐོར་གྱི་ས་ཁྲ།
ངོས་གཙོ། » ལྷ་ས། » ལྷ་ས་ལུང་པའི་ངོ་སྤྲོད་མདོར་བསྡུས།
པར་གཞི་བོད་ལྗོངས་རིག་གནས་འཕེལ་རྒྱས་ཀུན་མཐུན་ཐེབས་རྩ་ལྷན་ཚོགས་(THF)ལ་དབང་།