![]() |
![]() |
![]() |
![]() |
ལྷ་ས་གྲོང་ཁྱེར་གྱི་ངོ་སྤྲོད་མདོར་བསྡུས།![]() |
![]() |
![]() |
![]() |
![]() |
གནས་ཚུལ་མདོར་བསྡུས། |
![]() |
ཆགས་ཡུལ། |
![]() |
ཆགས་ཡུལ། ལྷ་ས་གྲོང་ཁྱེར་ནི་མདོ་དབུས་མཐོ་སྒང་གི་ལྷོ་ཕྱོགས་སུ་ཡོད་ལ་མཚོ་ངོས་ལས་མཐོ་ཚད་རྨེའུ་
|
![]() |
ལོ་རྒྱུས་རྒྱབ་ལྗོངས། |
![]() |
1980ལོར་ལྷ་ས་གྲོང་ཁྱེར་གྱི་བྱང་ཕྱོགས་ཏེ། སེ་ར་དགོན་པ་དང་ཉེ་སར་རྡོ་ཆས་གསར་མའི་དུས་ཀྱི་ཆུ་གོང་ གནའ་ཤུལ་བསྔོག་འདོན་བྱུས་། ཆད་ལས་མི་སྣས་ཞིབ་འཇུག་བྱས་པ་ལྟར་ན་འདི་ནི་མ་མཐའ་ཡང་ལོ་ 3500ནས་4000གི་ལོ་རྒྱུས་ལྡན་པའི་གནའ་ཤུལ་ཞིག་ཡིན་པ་དང། དེའི་ནང་དུ་ཟངས་ཆས་དང་རྡོ་ཆས་ རིགས་མང་པོ་རྙེད་སོན་བྱུང་བ་ལས་གདོད་མའི་ཆུ་གོང་གི་མི་རྣམས་ཀྱིས་ཞིང་ལས་དང་། ཕྱུགས་ལས། རྔོན་ པའི་ལས་གཙོ་གཉེར་བྱེད་པ་རྟོགས་ཐུབ།
སྤྱི་ལོ་633་ལོར་རྒྱལ་པོ་སྲོང་བཙན་སྒམ་པོས་བཙན་པོ་གོང་མ་རྣམས་ཀྱི་མཁར་གནས་དང་ཐེག་རིང་ས་སྟེ་ལྷ་ སར་གཞི་སྤོར། སྔོན་མར་ལྷ་ས་ལར་ས་ཡང་ཟེར་ཞིང། དོན་ནི་འགོག་སྲུང་དང་བཙན་རྫོང་ལ་གོ། ལྷ་ས་རྒྱལ་ ས་གྱུར་དོན་རྒྱུ་རྐྱེན་མང་པོ་ཡོད་དེ། གཙོ་བོ་ནི་རྒྱལ་སྲིད་བརྟན་པའི་ཆེད་དུ་ཡིན། རྒྱ་བཟའ་དང་བལ་བཟའ་ གཉིས་ཀྱིས་སྔོན་ལུང་བསྟན་ཡོད་པ་བཞིན་ཇོ་ཤཱཀྱ་རྣམ་གཉིས་ལྷ་སར་གདན་དྲངས་ནས་མཆོད་པ་འཕུལ་པའི་ ཆེད་དུ་བཞེངས་པའི་མཆོད་ཁང་དང་། ཆོས་རྒྱལ་སྒྲུབ་ཕུག་ལས་གཞན་ལྷ་ཁང་འགའ་ཞིག་དང་། བཙུན་མོའི་ ཕོ་བྲང་། ཚོང་བ།དམག། གཡོག་པོའི་འདུག་གནས་བཅས་ཀྱིས་སྐབས་དེའི་ལྷ་སའི་རྣམ་པ་གྲུབ། སྐབས་དེའི་ དུས་སུ་བོད་ཡུལ་གང་སར་འགོག་སྲུང་བྱེད་ཆེད་ཀྱི་བཙན་རྫོང་ཡོད། རྗེས་སུ་རྒྱལ་ས་གནས་གཞན་ལ་སྤོར་མོད། ར་ས་འཕྲུལ་སྣང་གཙུག་ལག་ཁང་བཞེངས་ཡོད་པའི་རྐྱེན་གྱིས་ལྷ་ས་ ནི་སྔར་བཞིན་རྒྱལ་སར་གྱུར། གཙུག་ལག་ཁང་དེ་ལ་རྗེས་སུ་ལྷ་ལྡན་གཙུག་ལག་ཁང་དང་། ཡང་ན་ཇོ་ཁང་ ཞེས་སུ་གྲགས། འདི་ནི་བལ་བཟའ་ཁྲི་བཙུན་གྱི་ངག་བཀོད་བཞིན་སྤྱི་ལོ་641ལོར་སྐབས་དེར་མཚན་སྙན་དར་ པའི་རྒྱ་གར་གྱི་ལྷ་ཁང་ལ་དཔེ་བླངས་ནས་བཞེངས་པ་ཡིན། རྗེས་སུ་ཐེངས་འགར་ཞིག་གསོ་མཛད་མྱོང། བོད་ ཀྱི་མཁས་བ་མང་པོས་དེ་ནི་དུས་རབས་7ནས་8པར་བཞེངས་ལ་དུས་རབས་12པར་བརླགས་པའི་རྒྱ་གར་གྱི་ ལྷ་ཁང་བེ་ཀྲ་མ་ཤྲི་ལ་མར་དཔེར་བླངས་ནས་བཞེངས་པར་འདོད། ཇོ་ཁང་དང་དཔལ་ནལེཎྲྚའི་དགོན་པའི་ བཟོ་བཀོད་ལ་འདྲ་ས་མང་པོ་ཡོད་པ་དེང་གི་དུས་སུ་ཡང་མཐོང་རྒྱུ་ཡོད། ཇོ་ཁང་ནང་གི་ཇོ་བོའི་སྐུ་ནི་རྒྱ་ བཟའ་ཀོང་ཇོས་རྒྱལ་ས་ཁྲང་ཨན་ནས་བོད་དུ་གདན་དྲངས་པ་ཡིན། བཤད་རྒྱུན་ལ་སངས་རྒྱས་ཞལ་བཞུགས་ དུས་བཞེངས་པ་ཡིན་པར་ཟེར། རྒྱལ་པོའི་སྲོང་བཙན་སྒམ་པོའི་རྗེས་སུ་ལྷ་སའི་ཆབ་སྲིད་ཀྱི་སྟོབས་ཤུགས་ཞན་ པར་གྱུར་ཡང་། ཇོ་ཁང་གི་གལ་ཆེན་གོ་གནས་ལ་ཡང་ནས་བསྐྱར་དུ་གདེང་འཇོག་ཐོབ་སྟེ། ལྷ་ལྡན་གྲོང་ཁྱེར་ ཞེས་པའི་མཚན་སྙན་ཡང་ཕྱོགས་སུ་ཁྱབ། |
![]() |
སྤྱི་ཚོགས་འཕེལ་རྒྱས། |
![]() |
དུས་རབས་དགུ་པའི་དུས་དཀྱིལ་ཙམ་ལ་བཙན་པོ་འུ་དུམ་བགྲོང་བ་ནས་བཟུང་བཙན་པོ་རྒྱལ་རབས་ཀྱང་སིལ་ བུར་ཐོར་ཏེ་ས་ཆ་རེ་ལ་དཔོན་རེ་ཆགས། ལྷ་སའི་ཆབ་སྲིད་ཀྱི་སྟོབས་ཤུགས་ཀྱང་སྔར་ལས་ཉམས་པར་གྱར། ཇོ་ཁང་ཡོད་པས་དད་ལྡན་གྱི་མཇལ་བ་དང་གྲྭ་བཙུན་རྣམ་ཀྱི་ཚེ་འདི་ཕྱིའི་དོན་གཉེར་བའི་གནས་འགངས་ཞིག་ ཏུ་གྱུར། དུས་རབས་བཅོ་ལྔ་བའི་དུས་མགོར་རྒྱལ་བ་གཉིས་པ་ཞེས་སྙན་པའི་བ་དན་ཕྱོགས་སུ་གཡོ་པའི་རྗེ་ཙོང་ཁ་པ་ ཆེན་པོ་མདོ་སྨད་ནས་དབུས་སུ་ཕེབས་ཏེ། བུ་སློབ་དང་བཅས་པའི་ལྷ་སའི་ཉེ་འདེབས་སུ་སེ་ར་དང་འབྲས་ སྤུང་དགོན་པ་བཏབ་ནས། སློབ་གསོའི་ལམ་ལུགས་དང་སྡོམ་ཁྲིམས་ཆ་ཚང་བཙུགས། ཅུང་མ་འགྱངས་པར་ ལྷ་ས་གྲོང་ཁྱེར་ནི་བོད་ཀྱི་རིག་གནས་ཀྱི་ལྟེ་བར་ཆགས་ཏེ། ཡུལ་ཐག་རིང་པོའི་སོག་པོ་དང་བོད་ཀྱི་ཆབ་ཁོངས་ སུ་མངའ་པའི་མི་རིགས་གཞན་དག་ཀྱང་དེར་འདུས་ནས་ནང་རིག་དང་། རྩིས་རིག་པ། གསོ་བ་རིག་པ། བཟོ་རིག་པ། ཚད་མ་རིག་པ། སྒྲུབ་པ་ཉམས་ལེན་བྱེད་ཚུལ་སྦྱོང་གི་ཡོད། གཞན་ཡང་ལྷ་ས་ནི་འགྲུལ་ལམ་ གལ་ཆེ་ས་ཞིག་ཡིན་པས། བལ་པོ་དང་རྒྱ་གར། ལ་དྭགས། ཨ་ཞི་ཡའི་གླིང་དཀྱིལ་བཅས་ནས་ཐོན་པའི་ཚོང་ བ་མང་པོས་འདི་རུ་ཚོང་ལས་བྱེད་ཀྱིན་ཡོད། དེར་བརྟེན་ཚོང་འབྲེལ་གྱི་ལྟེ་གནས་ཤིག་ཏུའང་གྱུར།
1913ལོར་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་སྟན་རྒྱ་མཚོ་སྐབས་སུ་བོད་ ལྗོངས་ཀྱི་རྗེས་ལུས་རྣམ་པ་བསྒྱུར་ནས་ཚན་རིག་ལག་རྩལ་དར་ཆེད་བཅོས་ བསྒྱུར་གྱི་སྲིད་ཇུས་དུ་མ་ལག་བསྟར་བྱས་པ་བརྒྱུད། ལྷ་སར་སྦྲག་ཁང་དང་ སྨན་ཁང་། དབྱིན་ཇིའི་གཞུང་ཚབ་ཁང་། གློག་འདོན་ཁང་སོགས་བཙུགས། ཐེངས་འདིའི་བཅོས་རྒྱུར་རྒྱུན་འཁྱོངས་བྱེད་པ་ལ་འགལ་རྐྱེན་མང་པོ་འཕྲད་ ཀྱང་། སྤྱི་ལོ་1947ནས་1948ལོར་སྲིད་གཞུང་གིས་ཨོར་སུ་ཁྲོས་ནསpeter aufchinater་ཞེས་པའི་ཨར་ ལས་ཇུས་འགོད་མཁན་ཞིག་གདན་དྲངས་ནས་ནུས་ཁུངས་འདོན་སྤེལ་དང་ཆུ་འབུད་ཡུར་བུ་སྐོར་རྟོག་ཞིབ་བྱས། 1990ལོར་ཡོངས་སུ་ཁྱབ་པའི་དཔལ་འབྱོར་བཅོས་སྒྱུར་གྱི་སྲིད་ཇུས་ལྷ་སར་ལག་ལེན་དུ་བསྟར་པས། གྲོང་ཁྱེར་ གྱི་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་སོགས་ཕྱོགས་གང་ཐད་ནས་གྲུབ་འབྲས་ལེགས་པོ་འབྱུང་ བཞིན་ཡོད། |
![]() |
ལྷ་སའི་ཁྱད་ཆོས། |
![]() |
དེང་དུས་སུ་ལྷ་ས་ནི་བོད་རང་སྐྱོང་ལྗོངས་ཀྱི་ཆེས་ཆེ་བའི་གྲོང་ཁྱེར་ཡིན་པ་མ་ཟད། ལྷ་ལྡན་གྱི་གྲོང་ཁྱེར་ཞེས་ གལ་ཆེ་གོ་གནས་ཟིན་ཡོད། ཕྱོགས་གཞན་ཞིག་ནས་བཤད་ན་བོད་ཀྱི་གསོ་རིག་དང་རྩིས་རིག་པ། མཚན་ཉིད་ རིག་པ།ནང་དོན་རིག་པ་སོགས་སྲོལ་རྒྱུན་རིག་གནས་སྦྱོང་སའི་གནས་གཙོ་ཤས་ཡིན་པས། བོད་ཀྱི་རིག་གནས་ ཀྱི་ལྟེ་བ་ཡིན་ཞེས་ཀྱང་བཤད་ཆོག ལྷ་ས་གྲོང་ཁྱེར་གྱི་བཟོ་སྐྲུན་ནི་བོད་ཀྱི་བཟོ་རིག་ལས་བྱུང་བའི་ཁྱད་ནོར་ཡིན་པས། ཚན་རིག་གི་སྟེང་ནས་བོད་ ཀྱི་བཟོ་སྐྲུན་བྱུང་འཕེལ་ལ་ཞིབ་འཇུག་བྱེད་པ་ནི་མེད་དུ་མི་རུང་བ་ཞིག་ཡིན། |
![]() |
ཕྱིར་ལོག་པ། | ངོས་འོག་མ། |
![]() |
པར་གཞི་བོད་ལྗོངས་རིག་གནས་འཕེལ་རྒྱས་ཀུན་མཐུན་ཐེབས་རྩ་ལྷན་ཚོགས་(THF)ལ་དབང་།
|