![]() |
![]() |
![]() |
![]() |
ཡིག་མཛོད།ལྷ་སའི་ཡིག་ཚགས་ནི་འདྲ་པར་རིགས་མང་པོ་དང་། ཞིབ་འཇུག ཚད་འཇལ་ཐིག་བླངས། བཟོ་བཀོད་ ཀྱི་ངོས་མཉམ་རི་མོ་བཅས་ཀྱིས་གྲུབ་ལ། མ་འོངས་པར་ང་ཚོས་ངེད་ཅག་གི་རྩིས་མཛོད་དུ་དྲ་སྟེང་དུ་ བཙལ་འདྲི་བྱེད་ཆོག་པའི་འདྲ་པར་དང་ངོས་མཉམ་རི་མོ་མང་པོ་འདོན་སྤྲོད་བྱེད་ཀྱི་ཡིན། འདི་དག་ ཚང་མ་ནི་དམིགས་བཀར་གྱིས་བརྒྱབ་པའི་འདྲ་པར་ཡིན་པས། ཞིབ་འཇུག་མི་སྣ་དང་སྒེར་སྤྱོད་མི་སྣས་ འདི་རུ་བཀོད་པའི་གནས་རྙིང་གི་འདྲ་པར་དང་། རྟོག་ཞིབ་ཀྱི་གནས་ཚུལ། ས་ཁྲ་བཅས་ལྟ་ཀློག་བྱས་ ཆོག བོད་ལྗོངས་རིག་གནས་འཕེལ་རྒྱས་ཀུན་མཐུན་ལྷན་ཚོགས་སམ་ལྷ་སའི་ཡིག་ཚགས་ཚན་པ་ནི་ཁེ་ ཕན་རང་བཞིན་མི་ལྡན་པའི་རྩ་འཛུགས་ཤིག་ཡིན་ཕྱིར། བཀོལ་སྤྱོད་ཀྱི་མ་རྩ་ལས་གཞན་པའི་རོགས་ སྐྱོར་མ་དངུལ་བླངས་མི་ཆོག་ལ། བླངས་པ་འང་ང་ཚོའི་ཚན་པ་ག་གེ་མོ་ཞིག་གི་མཁོ་དངུལ་གྱི་གནས་ ཚུལ་དངོས་ལ་ལྟ་དགོས། གལ་ཏེ་ཁྱེད་ཀྱིས་འདི་རུ་འབྲེལ་ཡོད་ཀྱི་བརྡ་འཕྲིན་དང་། འདྲ་པར། ས་ཁྲ་ སོགས་མར་ཕབ་ན། དེ་དག་གི་ཡོང་ཁུངས་གསལ་པོ་འགོད་རོགས། གལ་ཏེ་ཁྱེད་ལ་འབྲེལ་ཡོད་ཞིག་གསོའི་ལས་ཚན་གྱི་ལག་རྩལ་སྙན་ཞུ་མཁོ་ན་འདི་རུ་རེ་ཞུ་བྱེད་ཆོག་ལ། ང་ཚོས་ཁྱེད་ཀྱི་འདོད་པ་སྐོང་ངེས། གཞན་སླར་གསོའི་ལས་ཚན་ཁྲོད་ཀྱི་ཉམས་མྱོང་བརྗེ་རེས་དང་། ལྷག་པར་དུ་ཧི་མ་ལ་ཡའི་བཟོ་བཀོད་ཀྱི་ཞིག་གསོའི་ཉམས་མྱོང་དངོས་ལ་ང་ཚོ་སྤྲོ་བ་ཧ་ཅང་ཆེ་བས་ འདི་རུ་དུས་རབས་ཉི་ཤུ་བའི་ལོ་རབས་དགུ་བཅུའི་དུས་དཀྱིལ་ནས་བོད་ལྗོངས་ཀྱི་ཨར་ལས་པ་དང་། ཤིང་བཟོ། རི་མོ་པ། རྡོ་བཟོ་བ་བཅས་མཁས་པ་དག་གིས་བཏོན་པའི་ཉམས་མྱོང་རིན་པོ་ཆེ་བཀོད་ ཡོད་པས། སྤྲོ་བ་ཆེ་བའི་མཁྱེན་ལྡན་དག་གིས་ལྟ་ཀློག་བྱེད་ཆོག ང་ཚོས་འདི་རུ་ལྷ་སའི་ཡིག་ཚགས་ ལས་ཚན་ལ་ལག་རྗེས་འབུར་དུ་ཐོན་པ་བཞག་པའི་བློ་ལྡན་དག་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཞུ། ཁོང་ཚོ་ནི་གཤམ་གྱི་ས་ཁུལ་དང་རྒྱལ་ཁབ་འདི་དག་ནས་ཕེབས་པ་ཡིན། བོད་ལྗོངས་དང་། ཀྲུང་གོའི་ ཧང་ཀང་། འཇར་མན། ཕུ་ཐོ་ཡ་(Portuguese)འཇར་པན། ཨ་ཧྥེ་རི་ཁ་ལྷོ་མ། ནའོ་ཝེ། ཨ་མེ་ རི་ཀ ཁྲེ་ཁུ་(Czech)འབྲོག་པའི་ཚོ་བ་བཅས་ནས་ཡིན། རྩིས་མཛོད་ཀྱི་ཤོག་ངོས་དང་མར་ཕབ་ཆོག་པའི་ས་ཁྲ་ཟུང་མཉམ་པོར་ཡོད་པས་གཟིགས་པར་བདེ་རུ་ བཏང་ཡོད། རྩིས་མཛོད་ཀྱི་ས་བཅད་སོ་སོ་ནི་གཤམ་གྱི་ཚད་གཞི་ལྟར་བཟོས་ཡོད། དབྱེ་འབྱེད་བྱེད་པ། THFཨང་གྲངས། 1998ལོར་THFཡིས་བཟོ་བཀོ་ད་93ལས་(1994ལོའི་ལྷ་ས་ཡིག་ཚགས་ལས་ཚན་མཐུན་ཚོགས་ཀྱི་ ཞིབ་ཐོ་རྨང་གཞི་བྱས་པ) 76འདམས་པ་དང་། བཟོ་བཀོད་དོན་དྲུག་དེ་ནི་ལྷ་སའི་ལོ་རྒྱུས་ལྡན་པའི་ གྲོང་མིའི་སྡོད་ཁང་ལ་སྲུང་སྐྱོབ་དངོས་སུ་ཐོབ་པའི་སྐོར་ཁག་དང་པོ་ཡིན། LCR(ལྷ་ས་གྲོང་ཁྱེར་རིག་དངོས་ཅུས)ཨང་གྲངས། ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་རིག་གནས་ཤུལ་རྫས་གཞུང་ལས་ཁང་གིས་བཀོད་པའི་གཞུང་ཕྱོགས་ ཀྱི་གྲོང་ཁྱེར་ཐོ་འགོད་ཨང་གྲངས་ཡིན། ས་ཁྲ་རྙིང་པའི་ཨང་གྲངས།
ཨོ་ཧྥུ་ནེ་ཐུ་འམ་ཕའེ་ཐུ་ཨོ་ཧྥུ་ཧྲི་ནེ་ཐུ་ཡིས་1948ལོར་ཞིབ་བཤེར་བྱས་པའི་མི་སྣ་གཙོ་བོ། དབྱིན་ཇིའི་མིང་། གནས་ཡུལ། བཟོ་བཀོད་ཀྱི་ཁ་དོག བཟོ་དབྱིབས། དུས་རབས། བཟོ་སྐྲུན་ཞིབ་ཕྲ། བཟོ་བཀོད་ཀྱི་གནས་ཚུལ་གསལ་འགོད་བྱས་པ་ནི་གཙོ་བོར་མི་ཀུན་གྱིས་བོད་ལྗོངས་བཟོ་བཀོད་སྒྱུ་རྩལ་ གྱི་འཕེལ་ཚུལ་ཤེས་རྟོགས་བྱ་བར་ཕན་ཐོགས་པར་བསམ་པ་ཡིན། གལ་ཏེ་དེང་སྐབས་ཞིག་གསོ་བྱས་ པའི་ལས་ཀས་གདོད་མའི་བཟོ་བཀོད་ཀྱི་ཁྱད་ཆོས་ལ་ཤུགས་རྐྱེན་ཆེར་བཟོས་ཚེ། ང་ཚོས་ཡང་བསྐྱར་ ལེགས་བཅོས་བྱ་ངེས། ལོ་རྒྱུས་དང་ལོ་རྒྱུས་མི་སྣ་གལ་ཆེན། ཡང་ན་ལམ་ལུགས་བཅས་ཀྱི་བྱུང་བ་དག་འདི་རུ་གསལ་བྱེད་ མདོར་བསྡུས་ཙམ་བྱས་པ་ཡིན། དེ་མ་ཟད་ང་ཚོས་དམངས་ཁྲོད་བཟོ་བཀོད་ཕྱོགས་ཀྱི་རྒྱུ་ཆ་རྣམས་པར་ དུ་བསྐྲུན་རྩིས་ཡོད་། ལྷན་རྒྱས་ཀྱིས་ང་ཚོར་རེ་བ་དང་བསམ་འཆར་འདོན་པར་དགའ་བསུ་བྱེད། བཟོ་བཀོད་ཐིག་བླངས་པའི་ངོས་མཉམ་རི་མོ། འདྲ་པར། ལོ་རྒྱུས་མཚོན་པའི་འདྲ་པར། ང་ཚོ་ནི་འདྲ་པར་རྙིང་པ་འདི་དག་གི་བདག་པོ་དང་བསམ་བློ་བརྗེ་རེས་སམ་ལབ་གླེང་བྱེད་པར་ཧ་ ཅང་དགའ་པོ་ཡོད། དཔེར་ན། སྐུ་འདས་པའི་ཞུག་ལེའུ་ཁྲ་སིན་གྱིས་བླངས་པའི་འདྲ་པར་དག་ལོ་རྒྱུས་ ལྡན་པའི་བཟོ་བཀོད་དག་དབྱེ་འབྱེད་བྱེད་པ་ལ་རོགས་རམ་ཆེན་པོ་ཐོབ། ཁོང་གིས་ཐུགས་སྒམ་པོས་ ང་ཚོའི་ལྷ་ས་ཡིག་ཚགས་ལ་གདོད་མའི་འདྲ་པར་མང་པོ་མཁོ་སྤྲོད་བྱས། |
![]() |
![]() |
![]() |
![]() |
པར་གཞི་བོད་ལྗོངས་རིག་གནས་འཕེལ་རྒྱས་ཀུན་མཐུན་ཐེབས་རྩ་ལྷན་ཚོགས་(THF)ལ་དབང་། |