![]() |
![]() |
![]() |
![]() |
![]() |
ལྷ་ས་ཡིག་ཚགས་ཚན་པའི་སྐོར། |
![]() |
|
|
![]() |
||
![]() |
![]() |
![]() |
![]() |
ཨནདྲེ་ཨ་ལེཀ་ཛན་ཌར་(Andre Alexander)ཡིས་གནས་ཚུལ་མདོར་བསྡུས་གསུངས་པ། |
![]() |
ང་རང་ཐེངས་དང་པོ་ལྷ་སར་འབྱོར་དུས་སྤྱི་ལོ་1980ལོ་ཡིན་ལ། ལྷ་ལྡན་གྲོང་ཁྱེར་འདིའི་རྣམ་པ་ཕལ་ཆེར་བ་ སྔོན་ལྟར་མཆིས་ཤིང་། གུ་དོག་པའི་སྲང་ལམ་དང་དཀར་རྩི་བྱུགས་པའི་རྡོས་བཟོས་བཟོ་བཀོད་དག་གི་བར་ གསེང་ནས་བྱིས་པ་ཇི་བཞིན་ཁ་ཕྱོགས་འཆོལ་སླ་ལ། དེ་རུ་རྒྱུ་བའི་སྲང་ཁྱི་དག་གིས་སུ་ཡིན་ཡང་རང་དགར་ རྭ་སྐོར་ཞིག་ལ་ཧོར་འཛུལ་བྱེད་འདོད་ཀྱི་སྤོབས་པ་འཁུམས་སུ་འཇུག འོན་ཀྱང་། བདག་གྲོང་ཁྱེར་གྱི་ཕྱོགས་ ཀུན་ལ་བསྐོར་བསྐྱོད་བྱེད་སྐབས་གནས་ཚུལ་ཞིག་གསལ་མཐོང་བྱུང་པ་ནི་གནའ་བོའི་བཟོ་བཀོད་འདི་དག་དུས་ ཀྱི་རྒྱུ་བ་དང་བསྟུན་ནས་རིམ་གྱིས་ཉམས་མུས་(ལོ་རྒྱུས་ལྡན་པའི་ཁང་རྙིང་དང་། ཁྲོམ་ར། ད་དུང་སྲང་ཁྱི་ བཅས་)སུ་སོང་སྟེ་སྣང་ངོར་ལས་ཡལ་བའི་གནས་སུ་འགྱུར་གྱིན་འདུག ལེགས་པ་ཞིག་ལ་སྤྱི་ལོ་1993ལོར་ བདག་གིས་ཕེ་ཐུ་ཨོ་ཧྥུ་ཁུ་ནེ་ཐུ་(Peter Aufschnaiter) དང་ཧའེ་རེ་ཁྲི་ཧའེ་རུ(Heinrich Harrer) ་ གཉིས་ཀྱིས་བྲིས་བའི་སྤྱི་ལོ་1948ལོའི་ལྷ་ས་གྲོང་ཁྱེར་གྱི་ས་ཁྲ་ལག་སོན་བྱུང་བ་དང་། སྐབས་དེར་དེ་ནི་ བདག་གིས་གནའ་བོའི་གྲོང་ཁྱེར་ལྷ་ས་ཞིབ་འཇུག་བྱེད་པའི་གཞི་འཛིན་མ་ཡིག་འབའ་ཞིག་ཏུ་བརྩིས་ཏེ་ ལྷ་སའི་ཁང་རྙིང་དང་གྲོང་ཁྱེར་འདི་ལ་ཞིབ་འཇུག་བྱེད་པའི་འགོ་བརྩམས་པ་ཡིན། ལྷ་སའི་ཡིག་ཚགས་ཚན་པ་འགོ་བརྩམས་ནས་ཅུང་མ་འགོར་པར། གཞན་ནས་ཐོན་པའི་ཆེད་ལས་མི་སྣ་དང་ བཟོ་ལས་མི་སྣ་འགའ་ཡང་ཚན་པ་འདིའི་ནང་དུ་ཞུགས། ལྷག་པར་དུ་ཕིན་ཕིན་ཨ་རྩེ་བེ་རྡོ་ཡིས་བོད་ཀྱི་ཤེས་ རིག་སྐོར་ཀྱི་རོགས་སྐྱོར་མི་ཉུང་བ་ཕུལ་པ་མ་ཟད། དེ་ལས་ལྷག་པའི་དུས་དང་ནུས་ཤུགས་གང་མང་བཏོན། དེ་ནས་དཔྱད་གཞི་ཡིག་མཛོད་ལ་དབྱེ་ཞིབ་བྱས་ཏེ་བཟོ་བཀོད་རྙིང་པ་དག་གི་དུས་ཡུན་དང་། ཁྱད་ཆོས། གནས་ཚུལ་ལ་ཚོད་དཔག་བཏང་། ལས་ཀ་འདི་ཏན་ཏན་ལོ་རྒྱུས་ཀྱི་དོན་རྙིང་ལྡན་པའི་སྔོན་གྱི་བཟོ་བཀོད་ དག་མེད་བརླག་ཏུ་བཏང་པ་ལ་ཟིན་བྲིས་འགོད་པར་གྱུར་ཡོད་དེ། 1993 - 1994ལོར་མིང་ཐོར་བཀོད་ པའི་བཟོ་བཀོད་400ལྷག་ལས། 2001ལོར་ཐོན་དུས་150ལས་ལུས་མི་འདུག འདི་ནི་ང་ཚོས་ཆེས་མཐོང་ མི་འདོད་པའི་མཇུག་འབྲས་ཡིན། ང་ཚོས་འཆར་གཞི་ལས་འདས་པ་ཞིག་ལ། དང་ཐོག་བཟོ་བཀོད་76སྲུང་སྐྱོབ་བྱེད་པའི་མིང་ཐོར་བཀོད་པ་ལ། 1998ལོར་བཟོ་བཀོད་93དུ་འཕེལ། འདི་ནི་ང་ཚོའི་བརྩོན་པ་ལས་བྱུང་པའི་རྒྱལ་ཁ་མི་དམན་པ་ཞིག་ཡིན། ཡིད་སྐྱོ་བ་ཞིག་ལ་ལོ་རབས་བརྒྱད་བཅུ་དང་དེའི་སྡོན་གྱི་ལྷ་སའི་ཁང་རྙིང་དང་སྲང་ལམ་གྱི་འདྲ་པར་ཧ་ཅང་ ཉུང་བ་དང་། གལ་ཏེ་ཁྱེད་ལ་འདིའི་སྐོར་གིྱ་འདྲ་པར་རེ་ཡོད་ན་དེའི་བསྐྱར་པར་རམ་ཐབས་ལམ་གཞན་གྱི་ སྒོ་ནས་ང་ཚོར་བསྐུར་རོགས་གནང་། གང་ལྟར་དེས་ད་ལྟ་ང་ཚོའི་དྲན་ངོར་མི་སྣང་པའི་ལྷ་ལྡན་གྲོང་གི་རྣམ་ པ་རྙིང་པ་མཐོང་ལམ་དུ་འདྲེན་ཐུབ་པས་གསལ་པོ་མིན་ཡང་བསྐུར་རོགས་གནང་།ང་ཚོས་སྙིང་ཐག་པ་ནས་ ཐུགས་རྗེ་ཆེ་ཞུ། |
![]() |
པར་བརྒྱབ་པའི་སྐོར་། |
![]() |
ཆེས་སྔ་བའི་པར་གཞི་གྲུ་བཞི་མ་དེ་ཀྲུང་གོའི་མཚོ་སྐྱར་(Chinese Seagull camera)རྟགས་ཅན་གྱི་པར་ ཆས་ཀྱིས་པར་བརྒྱབ་པ་དང་། ཚད་ལྡན་གྱི་འདྲ་པར་མང་ཆེ་བ་འཇར་པན་གྱི་པར་ཆས་ཉི་ཁང་(Nikon) FE སྤྱད་པ་ཡིན། དེ་མིན་སྒྲིག་ཨང་འདྲ་པར་དང་ཡུལ་ལྗོངས་ཀྱི་འདྲ་པར་མང་པོ་ང་ཚོའི་ལས་རོགས་ཁཱ་གཟོ་ཧོ་ (Kazuho)དང་། ཡོ་ཐཱ་ཁ་(Yutaka)། མོལ་མོལ(MoMo)གསུམ་གྱིས་པར་ཆས་འདྲ་མིན་སྤྱད་དེ་པར་ བླངས་པ་ཡིན། 1992ལོ་ནས་བཟུང་རོལ་ལད་ཧྥུ་ལད་ཁུ་སི་(Roueiflx)1958-T རྟགས་ཅན་བེད་སྤྱོད་ བྱས་པ་ཡིན། ཐོག་མའི་ཉིན་འགར་ཧང་྄ྷི་རེན་(Hungarian)སྤྱིན་ཤོག་དང་། འཇར་མན་ཤར་མ་དང་ཀྲུང་གོའི་མདོག་
གཉིས་སྤྱིན་ཤོག་བཀོལ་ལ། རྗེས་སུ་ཚོན་མདོག་ལྡན་པའི་ཁུ་ད་(Kodak Ektar 25)དང་ཧྥུའུ་ཧྲི་
(Fujichrome)སྤྱིན་ཤོག་སྤྱད་པ་ཡིན། དེ་བཞིན་དུ་ཚད་ལྡན་གྱི་(ASA 100)འདྲ་པར་མཚོན་མདོག་ཅན་
གྱིས་ཚན་པའི་ཡིག་ཚགས་ལས་པ་དང་། ཉེ་ལམ་གྱི་འདྲ་པར་དག་ནི་ཁ་ནིན་སྒྲིག་ཨང་པར་ཆས་(Canon བཟོ་བཀོད་རྙིང་པ་དང་དེའི་སྐོར་གྱི་འདྲ་པར་སྟོང་འགའ་ལྷག་ནི་སྒྲིག་ཨང་ཅན་དུ་སྒྱུར་བ་དང་། འགའ་ཞིག་ ཡིག་ཚགས་སུ་གཉེར་ཡོད། བཟོ་བཀོད་རེ་ལའང་ཅི་ནུས་ཀྱིས་རྐང་གསུམ་སྟེགས་བུ་སྤྱད་དེ་མ་མཐའ་ཡང་ཤིན་ ཏུ་གསལ་བའི་པར་གཅིག་རེ་བརྒྱབ་ཡོད། (སྤྱིན་ཤོག་ཁུ་ཏ་ཁུ་ASA25རྟགས་ཅན་ལྟ་བུ།) - (ASA25 film) པར་འདིའི་རིགས་ལེན་པ་ལ་གྲིབ་མ་དང་གུ་དོག་པའི་སྲང་ཤུར་གྱིས་དཀའ་ལས་མི་ཉུང་བ་བཟོས་པས། སྐབས་ རེར་བླངས་པའི་པར་ནི་ཚད་ལྡན་དུ་མི་སྣང་། ཞིག་གསོ་ཚན་པའི་སྐབས་བླངས་པའི་པར་རྣམས་ཅུང་བྲེལ་ཚུབ་ ཀྱིས་བླངས་པ་ཡིན། འདྲ་པར་ཡོད་ཚད་ལྷ་ས་ཡིག་ཚགས་ཚན་པ་(LAP)དང་བོད་ལྗོངས་རིག་གནས་འཕེལ་རྒྱས་ཀུན་མཐུན་ཐེབས་ རྩ་ལྷན་ཚོགས་(THF)ཀྱིས་པར་བརྒྱབ་པ་ཡིན། དེ་ལས་ལོ་རྒྱུས་མཚོན་པའི་འདྲ་པར་ནི་ལྷ་ས་ཡིག་ཚགས་ཚན་ པས་འཚོལ་སྡུད་བྱས་པ་ཡིན། ལྷ་སའི་ཡིག་ཚགས་ཚན་པས་1996ལོ་ནས་བཟུང་བླངས་པའི་པར་སྐོར་ཞིག་གི་ མ་དངུལ་འགྲོ་གྲོན་ཡིག་ཚགས་ཚན་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱི་ (UNESCO)ནོ་ཝེའི་རྒྱལ་སྲིད་སྤྱི་ཁབ་ཨུ་ཡོན་ལྷན་ཁང་། (Norwegian Nartional Comission) ཕྲོན་རྡུ་ཧེ་མུ་འ་ཐུ་ལད་སུ་ཚན་པ་(Trondheim Atlas project)གསུམ་གྱིས་བཏང་། ང་ཚོའི་ལས་ཀ་ལ་རྒྱབ་སྐྱོར་བྱེད་པར་སྐུ་ཞབས་ཧའེ་རེན་ཁྲི་ཧ་རི་(Heinrich Harrer)དང་ཧའི་འོ་རེ་ ཁྲ་རྡུ་སན་(Hugh Richardson)རྣམ་གཉིས་ཀྱིས་སྔོན་གྱི་འདྲ་པར་འགའ་བསྐུར་ཡོད་ལ། དེ་མིན་ད་ དུང་གྲོགས་པོ་Fernand Meyerདང་། Valrae Reynolds། Jaqueline Meyer ལ་སོགས་ཀྱིས་ ཀྱང་རོགས་རམ་གྱི་ཕྱག་ཟུང་བརྐྱངས། ང་ཚོས་འཚོལ་སྡུད་བྱུང་བའི་ལོ་རྒྱུལ་ལྡན་པའི་བོད་ཀྱི་འདྲ་པར་ ཞིབ་འཇུག་བྱེད་པ་ལ་ Newark དངོས་མང་བཤམ་སྟོན་ཁང་གི་འགོ་གཙོ་ Valrae Reynolds ལ་ སོགས་མང་པོས་རམ་འདེགས་བྱས། མཇུག་མཐར་སྐུ་ཞབས་ཁེན་ཨའོ་ཁུ་མ་(Ken Okuma)ཡིས་གློག་ ཀླད་ཀྱི་མདུན་དུ་མཚན་མོ་མང་པོ་བློས་བཏང་ཀྱིས་འདྲ་པར་འདི་དག་ལེགས་སྒྲིག་བྱུང་སྟེ་འུ་ཅག་གི་འདྲེན་ བྱེད་ཀྱི་དགའ་སྟོན་དུ་དྲངས་པ་ལགས། |
![]() |
དཔེ་རིས་ཀྱི་ཡོང་ཁུངས། |
![]() |
ལྷ་ས་སྲིད་གཞུང་གིས་ཚད་འཇལ་ཐིག་ལེན་བྱས་པའི་འབྲེལ་ཡོད་ཀྱི་རྒྱུ་ཆ་ལྷ་ས་གྲོང་ཁྱེར་སྡོད་ཁུལ་རྙིང་བའི་ སྲུང་སྐྱོབ་དབུ་འཁྲིད་བརྒྱུད་དེ་THFཡི་ལག་སོན་བྱུང་། THF་སྤྱི་ལོ་1996-2000ལོའི་གྲོང་རྙིང་སླར་ གསོ་ཚོ་ཆུང་གི་ཁག་ཅིག་ཏུ་གྱུར་པ་དང་། ལྷག་པར་དུ་ལྷ་ས་ཀྲོང་ཁྱེར་འཆར་འགོད་ཅུའུ་དང་། ཁང་པ་ དོ་དམ་ཅུའུ། གྲོང་ཁྱེར་འཛུགས་སྐྲུན་ཅུའུ། རིག་དངོས་བདག་གཉེར་ཅུའུ་སོགས་དང་མཉམ་དུ་ཚན་པ་ལ་ མཁོ་བའི་དཔེ་རིས་དང་རྒྱུ་ཆ་དག་མཉམ་སྤྱོད་བྱས་པ་ཡིན། THFཡི་ཐིག་རིས་སྐུ་ཞབས་ཅོའང་ཧ་རེ་སན་(John Harrison)དང་ཁེན་ཨའོ་ཁ་མ་(Ken Okuma)
ཟུང་གིས་ཇུས་འགོད་ཀྱི་རྩ་དོན་དང་མཛུབ་སྟོན་འོག་གཤམ་གྱི་མི་སྣ་འདི་དག་གིས་སྒྲུབ་པ་ཡིན། ཁོང་ཚོ་ནི།
ལྷ་ས་ནས་ཡོང་པའི་ཟླ་དཀར་(Dakar)དང་། བློ་ལྡན། ཅན་ཅོན་(Jian-Jun)། སྐལ་བཟང་། ཧོང་ཞོ་
ལིན་(Huang Xiao-lin)། མི་ཉག་ཆོས་ཀྱི་རྒྱལ་མཚན་བཅས། འཇར་མན་ཧན་པོ་གྲོང་ཁྱེར་FUསློབ་
ཆེན་ནས་ཡོང་བའི་སློབ་མ་Beate Heyneདང་། སི་ཏེ་ཧྲུན་གའེ་པུར་ཁི(Stephan Geburk)།
གྲའོ་ལུས་ཡ་ཧ་ཐུ་མན(Julia Hartmann)། པུ་རེ་ཐ་ཡོ་ལུས་རྒུ(Britta Uhlig)། Esther Kehren།
མའོ་ནཱ་(Mona)། Thorsten Schiitze། བཅས་དང་། ད་དུང་འཇར་མན་གྱི་FH Hamburgདང་
FH Wissmarསློབ་མའི་ཚོགས་ཁག་གཉིས། འཇར་པན་ནས་ཡོང་བའི་Koichiro Ichikawaདང་ཡའོ་
ཐ་ཁ(Yutaka)། སུ་བེ་ཏན་(Sweden)ནས་ཡོང་བའི་བཟེ་རཱ་(Zara)དང་གྲའི་ལུས་ཡ་སྲེ་སིན(Julia གཞུང་ཕྱོགས་ཀྱི་ཐིག་རིས་འབྲི་བའི་ཁྲོད་ཕེ་ཐུ་མོ་ཧྥུ་ནེ་ཐུས་བྲིས་པའི་སྤྱི་ལོ་1948ལོའི་ས་ཁྲ་དེས་གལ་ཆེའི་ ནུས་པ་བཏོན། ཡ་མཚར་བ་ཞིག་ལ་ཁོས་འཕྲེད་གཞུང་དཔྱད་ཆས་བེད་སྤྱད་དེ་ཐིག་རིས་བྲིས་ཡོད་པ་མ་ ཟད། དེ་སྲུང་སྐར་གྱིས་བླངས་པའི་འདྲ་པར་དང་བསྡུར་ཚེ་ཧ་ཅང་ཞིབ་ཆ་ཐོན་ཡོད་པ་ཤེས་ཐུབ། གལ་ ཏེ་ང་ཚོས་ཧེ་མ་ལ་ཡ་དཔེ་མཛོད་ཁང་ནས་ཁོའི་ས་ཁྲའི་བསྐྱར་པར་དེ་རྙེད་མེད་ཚེ། ཚན་པ་ཡོངས་ཀྱི་བྱ་ གཞག་ལ་འགག་རྐྱེན་ཐེབས་ངེས་རེད། 1994ལོར་ང་ཚོས་ཁོའི་ས་ཁྲ་མཉིན་ཆས་CAD(Graphsoft Mini CAD)ཡིས་སྒྲིག་ཨང་ཅན་
(digitize)དུ་བསྒྱུར་བ་དང་། ངོ་སྤྲོད་པའི་པར་གཞི་མཉེན་ཆས་Adobe Freehandདང་Abode ད་ལྟའི་ལྷ་ས་གྲོང་ཁྱེར་གྱི་ས་ཁྲ་ནི་ཀྲུང་གོ་སྲིད་གཞུང་གིས་སྤྱི་ལོ་1978ལོ་དང་། 1985ལོ། 1987ལོ། བརྡ་འཕྲིན་དྲ་ཚིགས་(Website)ཐོག་ཏུ་ས་ཁྲ་འདི་ཉིད་འཆར་ཐུབ་ཆེད། ང་ཚོས་མཉེན་ཆས་ |
![]() |
![]() ཕེ་ཐིག་ཨོ་ཧྥུ་སི་ཁུ་ནལ་ཐིག་(Peter Aufschnaiter)གིས་ལྷ་སར་ ཐིག་འབྲི་རིས་ལེན་གྱི་ལས་ཀ་བྱེད་བཞིན་པའི་འདྲ་པར། ཧུན་རེ་ཁུ་ ཧ་རིག་གིས་གནང་། |
![]() |
ཡིག་མཛོད་(databank) ནི་ཨནདྲེ་ཨ་ལེཀ་ཛན་ཌར་(Andre Alexander) དང་མའོ་རས་ཚི་(Moritz) གཉིས་གྱིས་ཇུས་འགོད་བྱས་པ་དང་། མའོ་རས་ཚི་(Moritz) དང་ཐོ་མའོ་ཨ་ཁས(Tomoaki) གཉིས་ཀྱིས་ བཟོས། ང་ཚོ་ནི་THFབརྡ་འཕྲིན་དྲ་ངོས་འདིའི་རྩོམ་མཁན་ཡིན་ཕྱིར། པར་གཞིའི་བདག་དབང་ཡོད་ལ། གལ་ཏེ་ ཁྱེད་ཀྱིས་ཟུར་ལྟ་བྱེད་ན། THFདང་དེའི་དྲ་གནས་ལས་དྲངས་པ་ཡིན་པ་གསལ་བཤད་བྱ་དགོས། གལ་ཏེ་ བསྐྱར་བཟོ(པར་འདེབས་པའམ་དྲ་ཚིགས་ཐོག་བེད་སྤྱོད་ན)བྱེད་ན་THF/LAPལ་འབྲེལ་གཏུགས་སྒོས་ འཐད་པ་བྱུང་དགོས། མཚོན་རྟགས་ཡོད་པའི་རྒྱུ་ཆ་མ་གཏོགས་བརྡ་འཕྲིན་དྲ་ངོས་ནང་གི་རྒྱུ་ཆ་ཡོད་ཚད་ལྷ་སའི་ཡིག་ཚགས་ ཚན་པ། བོད་ལྗོངས་རིག་གནས་དར་འཕེལ་རྒྱས་ཀྲུན་མཐུན་ཐེབས་རྩ་ལྷན་ཚོགས་ཀྱིས་མཁོ་སྤྲོད་བྱས་པ་ ཡིན། བརྡ་འཕྲིན་དྲ་ངོས་འདི་བཟོ་བའི་དམིགས་ཡུལ་ནི་བོད་ལྗོངས་ཀྱི་བཟོ་སྐྲུན་རིག་པ་སྔར་ལས་ལྷག་པའི་ འཕེལ་རྒྱསདང་ལོ་རྒྱུས་ལྡན་པའིབཟོ་སྐྲུན་ལ་སྲུང་སྐྱོབ་བྱེད་ཆེད་ཡིན། |
![]() |
ཕྱིར་ལོག་པ། |
![]() |
པར་གཞི་བོད་ལྗོངས་རིག་གནས་འཕེལ་རྒྱས་ཀུན་མཐུན་ཐེབས་རྩ་ལྷན་ཚོགས་(THF)ལ་དབང་།
|