![]() |
![]() |
![]() |
![]() |
![]() |
ལྷ་སའི་ཁང་པའི་རིགས། |
![]() |
|
ས་གནས་རང་གི་ཁྱད་ཆོས་ལྡན་པའི་བཟོ་བཀོད། |
![]() |
||
![]() |
![]() |
![]() |
![]() |
![]() |
གླེང་གཞི། |
![]() |
བོད་ཀྱི་བཟོ་བཀོད་ཀྱི་ཐུན་མིན་ཁྱད་ཆོས་བརྗོད་པའི་ལྷ་སའི་ཁང་པའི་རིགས་ཞེས་པ་1997ལོར་LAPཡིས་པ་ ལེ་ནས་འཚོགས་པའི་ལྷ་ས་ལུང་པའི་ཚོགས་ཐོག་ཏུ་བཀྲམ། རྒྱང་རིང་ནས་སླེབས་པའི་བཅར་འདྲི་པ་ཞིག་གིས་གྲངས་ཉུང་ལ་ལོ་རྒྱུས་ལྡན་པའི་བཟོ་བཀོད་དང་། ཡོངས་སུ་ སྦྲེལ་བའི་གུ་དོག་ཅིང་ཀྱག་ཀྱོག་ལྡན་པའི་སྲང་ལམ་ལས་ལྷ་སའི་སྔོན་གྱི་རྣམ་པ་རྙིང་པ་དང་ཁྱད་ཆོས་ལ་ཚོད་ བགམ་བྱ་བ་ནི་ཧ་ཅང་ཁག་པོ་ཞིག་ལགས། བར་སྐོར་དང་སྐྱིད་རས། ཤར་སེ་ཤག་བཅས་ཀྱག་ཀྱོག་གི་སྲང་ ལམ་འདིར་འདུས་ཡོད། མཁར་རྙིང་གཞན་པའི་སྲང་ལམ་དུ་སྔོན་གྱི་བཟོ་བཀོད་མང་ཆེ་བ་སྤུས་ཚད་མི་ལེགས་ པའི་སྤྱི་སྤྱོད་ཁང་པས་ཚབ་བྱས་པས་གྲངས་ཉུང་པའི་ལོ་རྒྱུས་ཀྱི་བཟོ་བཀོད་ཀུན་དག་གི་བར་གསེང་དུ་སོ་སོར་ གནས་ཡོད། སྔོན་གྲོང་ཁྱེར་གྱི་གྲུབ་ཆ་སྟེ་སྤང་ས་དང་སྤྱི་གླིང་མང་པོ་ཡང་སྣང་ངོར་ནས་མེད་པར་ཆགས་འདུག དེ་བས། ཤུལ་དུ་ལུས་འདུག་པའི་བཟོ་བཀོད་དག་ལ་ལོ་རྒྱུས་ཡིག་ཆའི་ཁ་སྣོན་བརྒྱུད་ནས་རྣམ་པ་མི་འདྲ་ པའི་ལྷ་སའི་སྲོལ་རྒྱུན་གྱི་བཟོ་བཀོད་གྲུབ་པ་ཡིན། ལྷ་སའི་ཁང་པའང་དབུས་ཁུལ་གྱི་སྡོད་མིའི་བཟོ་བཀོད་ཕལ་མོ་ཆེ་དང་འདྲ་པར་རྡོ་ཆས་དང་འཇིམ་བག ཤིང་ཆ་སོགས་ཀྱིས་བསྐྲུན་ཞིང་བར་དུ་ཁྱམས་ར་བཟོས་ཡོད། ཁང་སྟེང་གི་ངོས་སྙོམས་ཤིང་བསྟུད་མར་བརྡུང་བའི་ཕྱི་གྱང་ནི་འདིའི་ཁྱད་ཆོས་གསལ་ཤོས་ཡིན། སྒོ་དང་སྒེའུ་ཁུང་རྡོ་ལེབ་ཆུང་ངུའི་བརྩིགས་ཤིང་། ཁང་སྟེང་ཅུང་འབུར་ཞིང་དེར་ཚོན་རྩི་ནག་པོས་བརྒྱན་ པ། དེར་བཀོལ་བའི་རྒྱུ་ཆ་ཚང་མ་སྲོལ་རྒྱུན་གྱི་ལག་རྩལ་རྒྱུན་འཁྱོངས་བྱས་ཡོད། དགོན་པའང་ཚུལ་དེ་ བཞིན་དུ་བསྐྲུན་ཡོད་དེ། རྒྱུ་ཆ་དེ་དག་སྤྱོད་(རྒྱུན་པར་ཆེས་སྔ་བའི་རྒྱུ་ཆ་བཀོལ་)ཅིང་། མི་མཐུན་ས་ཕལ་ ཆེ་བ་"སྤེན་པད"དམར་པོ་སོགས་ཀྱིས་བརྒྱན་ཡོད་པ་དེ་དང་། སྤྱིར་བཏང་གི་བཟོ་བཀོད་ལས་དཔངས་ མཐོ་བ་དེ་ཡིན། སྔ་མའི་ལྷ་སར་ཆོས་ལུགས་བཟོ་བཀོད་འདི་འདྲ་40ལྷག་ཡོད་པའོ། |
པར་གཞི་བོད་ལྗོངས་རིག་གནས་འཕེལ་རྒྱས་ཀུན་མཐུན་ཐེབས་རྩ་ལྷན་ཚོགས་(THF)ལ་དབང་།
|