![]() |
![]() |
![]() |
![]() |
![]() |
ལྷ་སའི་ཁང་པའི་རིགས། |
![]() |
|
ས་གནས་རང་གི་ཁྱད་ཆོས་ལྡན་པའི་བཟོ་བཀོད། |
![]() |
||
![]() |
![]() |
![]() |
![]() |
![]() |
གཟིམ་ཤག |
![]() |
ལྷ་སའི་སྐུ་དྲག་གི་གཟིམ་ཤག་དོན་དངོས་ཐོག་གྲོང་གསེབ་ཀྱི་ཁང་པའི་བཟོ་སྐྲུན་དེ་གྲོང་ཁྱེར་དུ་ཚུར་དྲངས་ པ་ཞིག་ལགས། སྤྱིར་བཏང་ཁང་པའི་ཆགས་སྟངས་ནི་ཐོག་རིམ་གསུམ་ཅན་གྱི་ཁང་པ་གཙོ་བོ་ཞིག་དང་། དེར་མཐུད་པའི་ཐོག་རིམ་གཉིས་ལྡན་གྱི་ཕྱིའི་ཁང་པ། ཁྱམས་རའི་དབུས་སུ་བསྲིངས་པའི་མཐོངས་ཡངས་ བར་ཁྱམས་བཅས་ཡིན། ནང་ལ་ཕྱིའི་ཁང་པའི་དབུས་སྒོ་ཆེན་པོ་དང་ཁྱམས་ར། དེ་ནས་ཁང་པ་གཙོ་བོའི་ དབུས་སྒོ་བརྒྱུད་ནས་འགྲོ་དགོས། དཔེ་མཚོན་ལྡན་པ་ཞིག་ནི་ཁང་པ་བཀོད་སྒྲིག་བྱས་པ་ཧ་ཅང་དོ་མཉམ་ འདུག ཡིན་ཡང་། བར་སྟོང་ས་ལྷག་བེད་སྤྱོད་ཆེད། ལོ་རབས་ཕྱི་མའི་བཟོ་སྐྲུན་དག་གིས་སྔ་མའི་ཇུས་ འགོད་དེ་ལ་འགྱུར་བ་ཅུང་ཙམ་བཟོས་ཤིང་དོ་མཉམ་ལྡན་པའང་འོས་འཚམས་ཀྱིས་བཅོས་བསྒྱུར་བྱས། ཕྱིའི་ཁང་པ་ནི་གཙོ་བོར་རྟ་ཁང་(འོག)་དང་འཁོལ་པོའི་ཉལ་ཁང་(གོང་མ)་དུ་ཇུས་འགོད་བྱས་པ་དང་། ཁང་པ་གཙོ་བོ་ལའང་སྤྱིར་བཏང་དཀྱིལ་དབུས་སུ་ཁྱམས་ར་ཆུང་ངུ་རེ་མཆིས། སྤྱིར་འོག་རིམ་དུ་ཉལ་ཁང་ དང་། དཀྱིལ་རིམ་དུ་འཁོལ་པོའི་ཉལ་ཁང་དང་མཆོད་ཁང་ཆུང་ངུ་། སྟེང་རིམ་དུ་སྒེའུ་ཁུང་ཆེ་ལ་ལྟ་ན་ སྡུག་པའི་བརྒྱན་རིས་ཀྱིས་སྤྲས་པའི་ཁྱིམ་བདག་གི་སྡོད་གནས་བཅས་རིམ་པ་དང་ལྡན་པས་སོ་སོར་དབྱེ་ ཡོད། དཔེར་ན་ཤིང་གི་ཀ་བའི་སྟེང་གི་རྐོས་རིས་དང་དྲ་སྒོའི་མཐའ་ཡི་བརྒྱན་རིས་ནས་གྱང་དང་ཁང་ སྟེང་གི་སྤུས་ཀ་སོགས་ཞིབ་ཆའི་ཐད་ལ་གཟིམ་ཤག་དེ་རིགས། བོད་ལྗོངས་ཀྱི་སྡོད་ཁང་དཀྱུས་མ་ཞིག་ དང་བསྡུར་ན་སྤུས་ཚད་ལེགས་ཤིང་ལྟ་ན་སྡུག་པ་ཞིག་སྐྲུན་ཡོད།
བོད་ལྗོངས་རིག་གནས་འཕེལ་རྒྱས་ཀུན་མཐུན་ཐེབས་རྩ་ལྷན་ཚོགས་/ལྗོ་ལུས་ཡ་ཧ་ཐུ་མན་(Julia Hartmann)
|
![]() |
སྒོ་ར། |
![]() |
ར་སྐོར་ནི་སྡོད་ཁང་དཀྱུས་མའི་སྤྱིར་བཏང་གི་ཐ་སྙད་ཞིག་ཡིན། ར་སྐོར་ཆེན་པོ་དེ་ནི་ཁེར་རྐྱང་གི་ཁྱམས་ ར་ཁ་ཤས་ཀྱིས་གྲུབ་པ་དང་། ལྷ་སར་དུས་རྒྱུན་ཚོང་ཟོག་འགྲུལ་སྡོད་ཀྱི་མི་གྲངས་མང་རྐྱེན། འདི་ནི་ཕལ་ ཆེར་ཤར་གྱི་ཚོང་རའི་མགྲོན་ཁང་ནས་འགྱུར་ཡོང་བ་ཨེ་ཡིན་སྙམ། ཁང་པ་འདི་དག་དགོན་པ་ལ་དབང་བ་ དང་། བདག་གཉེར་བྱས་ཏེ་ཡོང་འབབ་ཡང་ལོན་གྱི་ཡོད་(ཕལ་ཆེར་བོགས་ལེན་དུད་ཚང་ལྔ་བཅུ་ལས་བོགས་ དངུལ་བླངས་ཆོག་) ཁང་པའི་བཟོ་བཀོད་མང་ཆེ་བ་སྐྲུན་པར་སླ་ལ་སྤྱོད་སྒོ་ཆེ་བའི་རང་བཞིན་སོར་གནས་ སུ་ཡོད། (མཐོ་ཚད་ཐོག་རིམ་གཉིས་ཅན་དང་ཡང་ན་སུམ་ཐོག་ཅན་དུ་མཆིས་)
|
![]() |
ཁྱིམ་ཚང་ཞིག་གི་ཁང་པ། |
![]() |
བཟོ་བཀོད་ཅུང་ཆུང་བ་འདིའི་སྐོར་རིགས་གསུམ་དུ་དགར་ཆོག་སྟེ།སྐུ་དྲག་གི་དབྱར་གཞིས་ཁང་དང་། ལག་རྩལ་པ་དང་། ཚོང་བ། ངལ་གསོས་བའི་དཔོན་རིགས་ཁྱིམ་རྒྱུད་ཀྱི་ཁང་པ། ཚོང་ཁང་( ཁང་པ་ འདིའི་ནང་ཚོང་བཙོང་མཁན་ཁང་སྦུག་ཏུ་ཉལ་)བཅས་སོ། ཁང་པ་འདི་དག་སྤྱིར་བཏང་ཁང་རིམ་གཅིག་ གམ་གཉིས་ཀྱི་མཐོ་ཚད་ལྡན། གནས་ཚུལ་ལ་ལའི་འོག་ཚོང་པ་ཕྱུག་པོ་ཡང་གོ་གནས་ཅུང་ལྡན་པའི་ཁྱིམ་ ཚང་གི་གྲས་སུ་ཡར་འཐེན་ཆོག དཔེར་ན་སྤོ་མདའ་ཚང་གི་གནས་ཚུལ་ལྟ་བུ།
|
![]() |
|
![]() |
ངོས་གཙོ། » བོད་ལྗོངས་ཀྱི་བཟོ་བཀོད། » ལྷ་སའི་ཁང་པའི་རིགས།
|
པར་གཞི་བོད་ལྗོངས་རིག་གནས་འཕེལ་རྒྱས་ཀུན་མཐུན་ཐེབས་རྩ་ལྷན་ཚོགས་(THF)ལ་དབང་།
|