ལྷ་སའི་ཁང་པའི་རིགས།

 

ས་གནས་རང་གི་ཁྱད་ཆོས་ལྡན་པའི་བཟོ་བཀོད།
སྲིད་གཞུང་གི་བཟོ་བཀོད།
ཆོས་ལུགས་ཀྱི་བཟོ་བཀོད།


ཕོ་བྲང་།

ཕོ་བྲང་ཞེས་པ་ནི་བྲག་མགོ་དང་རི་མགོར་ཆགས་ཡོད་པའི་རྫོང་ནས་ཚུར་འགྱུར་བ་ཡིན། མཁར་རྙིང་ནང་ གི་མ་དཔེ་ཆེས་བཟང་ཤོས་ནི་རྒྱལ་དབང་སྐུ་ཕྲེང་དྲུག་པས་དུས་རབས་བཅོ་བརྒྱད་པར་བཞེངས་པའི་ཁྲོམ་ གཟིགས་ཁང་ཡིན། འདི་ལ་དགོན་པ་དང་གཞིས་ཀ་གཉིས་ཀའི་ཁྱད་ཆོས་ལྡན་ཏེ། མ་ཁང་གི་གཡས་གཡོན་ དོ་མཉམ་ཞིང་ཐོག་མཐའ་བར་གསུམ་དུ་རིམ་པར་བཞེངས་ཡོད།

ཐོག་ག་"སྤེན་བད་"ཀྱིས་བཟོས་ཏེ། བླ་མ་དང་སྤྲུལ་སྐུ་བཞུགས་ས་ཡིན། 1997ལོ་ནས་1998ལོར་བསྐྱར་ སྐྲུན་བྱེད་སྐབས། སྲིང་གཞུང་གིས་ནང་གི་ཁང་པ་ཁ་ཤས་དང་ཉེ་འཁོར་གྱི་ཁང་པ་བཤིག་མོད། ཁང་བའི་ མདུན་ངོས་སྔོན་ལྟར་བསྐྱུར།


ཕོ་བྲང་གི་མ་དཔེ།། ཁྲོམ་གཟིགས་ཁང་། ཅན་ཅོན་དང་། ཧོང་ཞོ་ལུན་གྱིས་པར་བླངས། ཁྲོམ་གཟིགས་ཁང་ གི་ལྷོ་ཕྱོགས་ཀྱི་ངོས་མཉམ་རི་མོ།བར་སྐོར་དུ་བསྲིངས་འདུག་པའི་རིང་ཚད་ལ་རྨེའུ་63ཡོད་པའི་མདུན་གྱང་།

ལས་ཁུངས།

ལྷ་སའི་སྔོན་གྱི་ལས་ཁུངས་མང་ཆེ་བ་མཁར་རྙིང་དུ་ཆགས་མེད་ལ། པོ་ཏ་ལའི་འདབས་ཀྱི་ཞོལ་དང་གྲོང་ ཁྱེར་ཕྱི་རོལ་དུ་སྐྲུན་ཡོད། སྣང་ཙེ་ཤར་ནི་མཁར་རྙིང་དུ་ཆགས་ཡོད་པའི་སྔོན་གྱི་ཁྲིམས་ཁང་ཡིན་མོད། དེའི་སྔོན་ལ་སྐུ་དྲག་གི་བཞུགས་གནས་ཡིན་པར་བརྟེན། ལས་ཁུངས་གྱི་དཔེར་མཚོན་དུ་མི་འོས། ཡིན་ ཡང་། བར་ཁང་དུ་འགྲོ་བྱེད་ཀྱི་རྡོ་སྐས་གཟར་མོ་ལས་སྔོན་མའི་ཁང་བདག་ལ་གོ་གནས་མཐོན་པོ་ཡོད་པ་ གསལ་པོར་མཚོན།


ལས་ཁུངས།སྲིད་གཞུང་གོ་བཟོ་སྐྲུན་མ་དཔེ། སྣང་རྩེ་ཤག།


ངོས་གོང་མ། | ཕྱིར་ལོག་པ། | ངོས་འོག་མ།
ངོས་གཙོ། » བོད་ལྗོངས་ཀྱི་བཟོ་བཀོད། » ལྷ་སའི་ཁང་པའི་རིགས།
པར་གཞི་བོད་ལྗོངས་རིག་གནས་འཕེལ་རྒྱས་ཀུན་མཐུན་ཐེབས་རྩ་ལྷན་ཚོགས་(THF)ལ་དབང་།