ལྷ་སའི་ཁང་པའི་རིགས།

ས་གནས་རང་གི་ཁྱད་ཆོས་ལྡན་པའི་བཟོ་བཀོད།
སྲིད་གཞུང་གི་བཟོ་བཀོད།
ཆོས་ལུགས་ཀྱི་བཟོ་བཀོད།


དགོན་པ།

དཔེ་མཚོན་ལྡན་པའི་བཀོད་སྒྲིག་ (སྐུ་དྲག་གི་ཁང་པའི་བཀོད་སྒྲིག་ལྟ་བུ་) ནི་དགོན་པའི་བཟོ་བཀོད་གཙོ་ བོས་གྲུབ་ཅིང། དེ་ལ་ཕྱིའི་བཟོ་བཀོད་ཀྱིས་བསྐོར་བ་དང་། ཕྱི་མ་དེ་སྲོལ་རྒྱུན་ཁྲོད་གྲྭ་ཤག་(ད་ལྟ་ཕལ་ཆེར་ སྤྱི་སྤྱོད་ཁང་པར་གྱུར་ཡོད་)ཡིན། བཟོ་བཀོད་གཙོ་བོའི་མཐོ་ཚད་ལ་་བཞི་བརྩེགས་ཙམ་ཡོད་ཅིང་། དེའི་ སྟེང་དུ་ཆོས་ལུགས་ཀྱི་མཚོན་བྱེད་སྣ་ཚོགས་ཀྱིས་བརྒྱན་ཡོད།


དགོན་པའི་མཚོན་དཔེ། རྨེ་རི་དགོན་རྙིང་གི་ངོས་མཉམ་རི་མོ། ཞང་ཀང་རྒྱའི་སྐད་ཡིག་སློབ་གྲྭ་ཆེན་མོའི་ རོགས་སྐྱོར་པ་མཁར་མན་ཚེ་(Carman Tsui)དང་བོད་ལྗོངས་རིག་གནས་འཕེལ་རྒྱས་ཀུན་མཐུན་ཐེབས་ རྩ་ཚོགས་པས་བྲིས།(KA23_M_L1)

བཙན་ཁང་།

འདི་ནི་སྒོ་ར་མེད་པའི་ཁང་རྐྱང་ཞིག་ཡིན། རྒྱུན་པར་གྲྭ་པ་རེ་འགའ་ལས་མེད། བཟོ་བཀོད་ཀྱི་མདུན་དུ་ གྱང་ཞིག་ཡོད་པ་དེས་ར་བསྐོར་གྱི་ཚབ་བྱས་ཏེ་ཆོས་ལུགས་ཀྱི་ཆོ་ག་སྤེལ་ས་ཡིན། བཟོ་བཀོད་འདིའི་རིགས་ ལ་མཐོ་དམན་སྣ་ཚོགས་ཡོད། སྤྱིར་བཏང་དུ་ཁང་བརྩེགས་1 - 3གྱི་མཐོ་ཚད་ཡིན་ལ། དེའི་བཟོ་དབྱིབས་ བབ་ཆགས་ཤིང་གྲུ་བཞི་འམ་དཀྱིལ་འཁོར་གྱི་དབྱིབས་སོགས་ཡོད།

མ་ཎི་ལྷ་ཁང་།

འདིར་སྤྱིར་བཏང་གྲྭ་པ་གཉིས་ཡོད་ལ། དེ་གཉིས་མ་ཎི་ཁང་གི་ལོགས་ཀྱི་ཁང་ཞིག་གམ་མ་ཎི་ཁང་གི་མཆོད་ ཁྲི་ཡིས་བཀང་པའི་ཁང་མིག་ཞིག་ཏུ་བསྡད་ཡོད། མ་ཎི་འཁོར་ལོ་ནི་ཆོས་དཔེ་བྲིས་མ་དང་དཔར་མས་ གཏུམས་ཤིང། མཆོད་མཇལ་བས་དེ་ཉིད་བསྐོར་ནས་མཆོད་མཇལ་བྱེད་པ་ཡིན།


མ་ཎི་ལྷ་ཁང་།བོད་ལྗོངས་རིག་གནས་འཕེལ་རྒྱས་ཀུན་མཐུན་ཐེབས་རྩ་ཚོགས་པའི་ཅན་ཅོན་(Jian- Jun)
དང་ཧོང་ཞོ་ལུན་(Huang Xiao - Lin)་གྱིས་བྲིས་པའི་བཅད་ངོས་རི་མོ་(KA53_M_WES)། དེ་ཡིས་ ལྷ་སའི་བར་སྐོར་མ་ཎི་ལྷ་ཁང་གི་མ་ཎི་འཁོར་ལོ་དང་གྲྭ་པའི་སྡོད་ཁང་གསལ་པོར་བསྟན།

བླ་བྲང་།

བླ་བྲང་གིས་ལྷ་སའི་དགོན་པ་སོ་སོར་ཚབ་བྱེད་སའི་ནུས་པ་ཐོན་ཡོད། ཇོ་ཁང་ནང་དགོན་པ་དང་ལྷ་ཁང་། བླ་བྲང་། མཆོད་གཤོམ་སོགས་འདུས་ཡོད་པ་རེད།

ལྷ་ལྡན་གཅུག་ལག་ཁང་། ས་ངོས་ཀྱི་ལངས་གཟུགས་དང་ནུབ་མའི་ལངས་གཟུགས།


 

ལྷ་ལྡན་གཅུག་ལག་ཁང་ནང་སོགས།


ངོས་གོང་མ། | ཕྱིར་ལོག་པ།
ངོས་གཙོ། » བོད་ལྗོངས་ཀྱི་བཟོ་བཀོད། » ལྷ་སའི་ཁང་པའི་རིགས།
པར་གཞི་བོད་ལྗོངས་རིག་གནས་འཕེལ་རྒྱས་ཀུན་མཐུན་ཐེབས་རྩ་ལྷན་ཚོགས་(THF)ལ་དབང་།