ལྷ་ས་གྲོང་ཁྱེར་གྱི་ངོ་སྤྲོད་མདོར་བསྡུས།


སྲིད་གཞུང་གི་སྲུང་སྐྱོབ་སྲིད་ཇུས།

རྒྱལ་ཁབ་རིམ་པའི་སྲུང་སྐྱོབ་བྱེད་ཡུལ།

1961ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་པོ་ཏྭ་ལ་དང་ཇོ་ཁང་གཉིས་ རྒྱལ་ཁབ་རིམ་པའི་སྲུང་སྐྱོབ་བྱེད་གནས་ཡིན་པ་བཀས་བཅད།

1982ལོ་ནས་བཟུང་ལྷ་ས་གྲོང་ཁྱེར་ཀྲུང་གོའི་གནའ་མཁར་གྱི་གྲས་ཡིན་པ་གཏན་འཁེལ་བྱས། གནའ་མཁར་ གྱི་སྲུང་སྐྱོབ་ཁྲིམས་སྲོལ་དུ་མཁར་རྙིང་དང་ལྷག་པར་དུ་རྒྱལ་ཁབ་རིམ་པའི་སྲུང་སྐྱོབ་བྱེད་གནས་ཀྱི་ཉེ་སར་ བཟོ་སྐྲུན་བྱེད་སྐབས་ངེས་པར་དུ་མི་རིགས་ཀྱི་ཁྱད་ཆོས་ལྡན་དགོས་པ་དང་། བཟོ་སྐྲུན་གསར་བ་གནས་རྙིང་ ལ་མཇལ་བསྐོར་བྱེད་པའི་བཀགས་སུ་འགྱུར་མི་རུང་ཞེས་བཀོད་ཡོད། དེ་མ་ཟད་1983ལོར་གོང་ནས་ཆོག་ མཆན་ཐོབ་པའི་ལྷ་ས་གོང་སྤེལ་འཆར་གཞི། 2000ལོ་ནས་མཁར་རྙིང་ལ་བཟོ་སྐྲུན་བྱེད་སྐབས་ངེས་པར་དུ་ མི་རིགས་ཀྱི་ཁྱད་ཆོས་ལ་མཐོང་ཆེན་བྱེད་དགོས་ཞེས་གསུངས་ཡོད། ཡིན་ཡང་། དོན་དངོས་སུ་བཟོ་བཀོད་ཀྱི་ མདུན་ངོས་སུ་བོད་ཀྱི་བྲིས་མཚོན་རི་མོ་འགའ་ཡོད་པ་ལས་གཞན་གྱི་ཁྱད་ཆོས་ནི་མི་འདུག་གོ།


སྦྲ་ནག་ཞོལ། 1993ལོ་དང་1995ལོ།

ཕྱིར་ལོག་པ།
ལྗོངས་རིམ་པའི་སྲུང་སྐྱོབ་བྱེད་གནས།

1980ལོར་བོད་ལྗོངས་རིག་དངོས་དོ་དམ་ཁང་གིས་ལྷ་ས་ལུང་པའི་གནས་འགའ་ལྗོངས་རིམ་པའི་སྲོང་སྐྱོབ་ བྱེད་གནས་ཡིན་པ་གཏནའཁེལ་བྱས། དེ་ལས་གསུམ་ནི་མཁར་རྙིང་དུ་ཡོད་དེ། ཨ་ནེ་མཚམས་ཁང་དང་རྨེ་ རུ་དགོན་གསར། ཁ་ཆེ་ལྷ་ཁང་བཅས་ཡིན། 1991ལོར་ཀརྨ་དགོན་པ་དང་བྱང་རིག་གསུམ་ལྷ་ཁང་། ལྷོ་རིག་ གསུམ་ལྷ་ཁང་། ཤར་རིག་གསུམ་ལྷ་ཁང་། (1990ལོར་དུས་རབས་བདུན་པའི་གནའ་ཤུལ་དུ་གཞུང་ལམ་ བཟོས་པས། ད་ལྟ་འདི་ནི་གནས་གསར་པ་ཡིན) ནུབ་རིག་གསུམ་ལྷ་ཁང་། རྨེ་རུ་དགོན་རྙིང་བཅས་གནའ་ ཤུལ་དྲུག་གྲོང་ཁྱེར་རིམ་པའི་སྲུང་སྐྱོབ་བྱེད་གནས་ཡིན་པ་ཐག་བཅད།

1991ལོར་ཀྲུང་དབྱང་གི་འཛུགས་སྐྲུན་དང་ཇུས་འགོད་ཨུ་ཡོན་ལྷན་ཁང་གིས་ལྷ་ས་གྲོང་ཁྱེར་གོང་སྤེལ་བྱེད་ པའི་འཆར་གཞི་ཡིག་ཆར། གནའ་མཁར་ལ་ཐུན་མིན་གྱི་དོན་རྙིང་ལྡན་པས་ངེས་པར་དུ་སྲུང་སྐྱོབ་བྱ་དགོས་ ཞེས་བཀོད། ཡིན་ཡང་དེའི་ནང་དུ་སྔོན་གྱི་ཁང་པ་མང་ཆེ་བ་ཉེན་ཁ་འདུག་ཞེས་བཤིག་དགོས་པའི་གྲས་སུ་ བཞག་འདུག གཞན་སྲུང་སྐྱོབ་བྱ་རིན་ལྡན་ཞེས་གནའ་ཤུལ་དགུ་ཡོད་པ་ལས་གསུམ་ནི་དུས་རབས་བཅོ་བརྒྱད་ པའི་ཁྲོམ་གཟིགས་ཁང་(ལེའུ་དགུ་པར་གཟིགས་རོགས།)། སྣང་རྩེ་ཤར་ཁྲིམས་ཁང་(བསྐྲུན་ལོ་མི་གསལ)བཅས་ ཡིན། སྣང་རྩེ་ཤར་ཁྲིམས་ཁང་1995ལོར་ལྷ་ས་གྲོང་ཁྱེར་གྱི་རིག་དངོས་དོ་དམ་ཁང་གིས་ཞིག་གསོ་མཛད། གཞན་དྲུག་ནི་ཁ་ཆེ་ལྷ་ཁང་ཆུང་བ་དང་། སྨན་རྩིས་ཁང་། བཞི་སྡེ་གྲྭ་ཚང་། (མང་ཆེ་བ་བརླགས་ཚར) ཚེ་ སྨོན་གླིང་། བསྟན་རྒྱས་གླིང་། རྒྱུད་སྨད་གྲྭ་ཚང་བཅས་ཡིན། 1995ལོར་ཟླ་དྲུག་པར་ལྷ་ས་གྲོང་ཁྱེར་སྲིད་ གཞུང་གིས་གོང་གི་གནའ་ཤུལ་འདི་རྣམས་སྲུང་སྐྱོབ་བྱེད་གནས་ཡིན་པ་བཀས་བཅད། གཞན་ཡང་དུས་ རབས་16པའི་དགའ་ལྡན་ཁང་གསར་དེའི་གྲས་སུ་བསྣན། (2000ལོར་བཤིག་རྗེས། ཤུལ་དུ་བཞི་བརྩིགས་ ཅན་གྱི་ཐོག་ཁང་ལས།)

བར་སྐོར་དུ་ཡོད་པའི་བླ་བྲང་རྙིང་པ་ནི་རྗེ་ཙོང་ཁ་པ་དང་འབྲེལ་བ་ཡོད་པས། ཁང་རྙིང་གཙོ་བོ་ཞིག་ཡིན། 1995ལོར་བཤིག་སྟེ་ཤུལ་དུ་ཁང་བརྩེགས་ལས་རྒྱུའི་བཀའ་བསྒྲགས། ཡིན་ཡང་གྲོང་ཁྱེར་སྲིད་གཞུང་དང་ རིག་དངོས་དོ་དམ་ཁང་། གྲོང་མི་མང་པོ་བཅས་ཀྱིས་གཏོར་བཤིག་མི་བྱེད་པའི་རེ་བ་ཐེངས་མང་བཏོན་པས། ཨུ་ཡོན་ལྷན་ཁང་གིས་ཀྱང་དེ་བཞིན་ཁས་བླངས་ཏེ། 1996ལོར་དེའི་བྱང་ཕྱོགས་སུ་ཁང་བརྩེགས་ཞིག་བཟོས་ ནས་གཞུང་ལས་ཁང་དེར་སྤོས། ཁང་པའི་མཐོ་ཚད་ལ་ཚོད་འཇིན་བྱ་དགོས་པས། གཞུང་དོན་ཁང་གསར་ པ་འདི་ཡང་བྲང་འདུ་དང་འདྲ་པར་བོད་ཀྱི་ཁྱད་ཆོས་ལྡན་པའི་ཐོག་ཁང་གཉིས་བརྩེགས་ཅན་ཡིན།

ཕྱིར་ལོག་པ།
སྲུང་སྐྱོབ་བྱེད་དགོས་པའི་ཁང་རྙིང་93 །

ང་ཚོས་སྲིད་གཞུང་ལ་སྲུང་སྐྱོབ་བྱེད་དགོས་པའི་ཁང་རྙིང་གི་ མིང་ཐོ་ཞིག་སྤྲད་པ་ལ། དེའི་ནང་དུ་སྲིད་གཞུང་ལ་དབང་པའི་ ཁང་རྙིང་ཕལ་ཆེ་བ་ཡོད་པ་དང་། གཞན་ཡང་སྒེར་ལ་དབང་ པའི་ཁང་རྙིང་འགའ་ཞིག་མཆིས། སྲིད་གཞུང་གིས་ཐོག་མར་དེ་ ལས་76ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་པར་ཁས་བླངས། རྗེས་སུ་ ཁང་རྙིང་17ཁ་བསྣན་ཏེ་བསྡོམས་པས་སྲུང་སྐྱོབ་ཁང་རྙིང་གོ་ གསུམ་ཡོད།

1998ལོའི་ཟླ་དྲུག་པའི་ཚེ་འགོ་ལ་གོང་གི་མིང་ཐོ་ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས་དངོས་སུ་ཆོག་མཆན་ གནངས་ཏེ། ཟླ་དྲུག་པའི་ཚེ་ལྔའི་དགོང་མོའི་ཆུ་ཚོད་བརྒྱད་པའི་སྟེང་བརྙན་འཕྲིན་གསར་འགྱུར་ལས་ བསྒྲགས། ཉེ་ལམ་སྲུང་སྐྱོབ་བྱེད་པར་ཁས་བླངས་པའི་ཁང་རྙིང་93ལས་འགའ་ཞིག་གཏོར་བཤིག་བཏང་ ཡང་། (སྐྱིད་རས་སློབ་གྲྭ དགའ་ལྡན་ཁང་གསར། སུམ་ཟུར) གཞན་རྣམས་ལ་སྔོན་ལས་ལྷག་པའི་དོ་དམ་ བྱེད་བཞིན་མཆིས། དེ་བས་རྗེས་མར་སྲིད་གཞུང་གི་སྲུང་སྐྱོབ་སྔར་ལས་ཇེ་བཟང་དང་ཇེ་ལེགས་སུ་འགྲོ་བར་ ང་ཚོར་ཡིད་ཆེས་ཡོད།

མདོར་ན། སྲིད་གཞུང་གིས་ཆོས་ལུགས་ཀྱི་གནའ་ཤུལ་ལ་སྲུང་སྐྱོབ་དང་བཟོ་སྐྲུན་ལ་བོད་ཀྱི་ཁྱད་ཆོས་ཐོན་ དུ་བཅུག་ཡོད། THFདང་མཉམ་འབྲེལ་མ་བྱས་གོང་ལ་མི་སྒེར་གྱི་ཁང་རྙིང་ལ་སྲུང་སྐྱོབ་དང་ཞིག་གསོ་བྱེད་ རྒྱུར་སྲིད་ཇུས་གསལ་པོ་ཞིག་མེད། 1998ལོའི་ཟླ་དྲུག་པའི་ནང་ཁང་རྙིང་76ལ་སྲུང་སྐྱོབ་བྱེད་པའི་ཆོག་ མཆན་ཐོབ་པ་ནི་སྲིད་གཞུང་གིས་མཁར་རྙིང་ལ་སྲུང་སྐྱོབ་བྱེད་པའི་འགྱུར་མཚམས་ཆེན་པོ་ཞིག་ཡིན་ནོ།


ངོས་གོང་མ། | ཕྱིར་ལོག་པ།
ངོས་གཙོ། »  ལྷ་ས། »  ལྷ་ས་གྲོང་ཁྱེར་གྱི་ངོ་སྤྲོད་ཤོག་ངོས་བཞི་པ།
པར་གཞི་བོད་ལྗོངས་རིག་གནས་འཕེལ་རྒྱས་ཀུན་མཐུན་ཐེབས་རྩ་ལྷན་ཚོགས་(THF)ལ་དབང་།