![]() |
![]() |
![]() |
![]() |
ལྷ་ས་གྲོང་ཁྱེར་གྱི་ངོ་སྤྲོད་མདོར་བསྡུས།![]() |
![]() |
![]() |
![]() |
![]() |
གྲོང་ཁྱེར་གྱི་གྲུབ་ཚུལ། |
![]() |
ལྷ་ས་གྲོང་ཁྱེར་གྱི་སྔོན་གྱི་ཆགས་ཚུལ། |
![]() |
སྔོན་གྱི་གྲོང་ཁྱེར་གྱི་བཟོ་བཀོད་དང་སྤྱི་ཚོགས་གྱི་སྒྲིག་གཞི་ལས་ལྷ་སའི་བྱུང་རིམ་དང་མི་རྣམས་ཀྱི་འཚོ་བ་རོལ་ སྟངས་རྟོགས་ཐུབ། གོང་གི་ལེའུ་ནང་བཤད་པ་བཞིན། ཇོ་ཁང་ནི་ལྷ་ས་གྲོང་ཁྱེར་གྱི་དངོས་པོའི་དཔལ་ཡོན་ དང་བསམ་པའི་དཔལ་ཡོན་གྱི་རྟེན་རྙིང་ཡིན། སྔོན་གྱི་མི་རྣམས་ཀྱིས་གྲོང་ཁྱེར་གྱི་བཟོ་བཀོད་དང་ནང་བསྟན་ གྱི་དགོངས་པ་གཅིག་སྦྲེལ་བྱས་ཏེ། ཇོ་ཁང་་ལ་གཡས་བསྐོར་བརྒྱག་དང་ཇོ་རིན་པོ་ཆེ་ལ་མཆོད་མཇལ་བྱེད་པ་ བརྒྱུད། མི་རྣམས་ཀྱི་ཚེ་འདི་ཕྱིའི་དོན་ལ་ཕན་པར་སྨོན། ནང་སྐོར་ནི་ཇོ་སྐུ་བཞུགས་པའི་འདུ་ཁང་དང་དེའི་གཡས་གཡོན་གྱི་ལྷ་ཁང་ལ་སྐོར་བ་བརྒྱག་ལམ་དེ་ལ་ཟེར་ ཞིང་། ཕལ་ཆེར་དུས་རབས་བདུན་པར་བཞེངས། བར་སྐོར་ནི་དུས་རབས་བཅུ་བཞི་པར་ནང་སྐོར་གྱི་རྨང་གཞི་སྟེང་རྒྱ་བསྐྱེད་པ་ཡིན།་དེའི་རྗེས་སུའང་ཐེངས་ འགར་རྒྱ་ཇེ་ཆེར་བསྐྱེད་དེ། དེང་དུས་སུ་ཡོད་པའི་བར་སྐོར་གྱི་རྣམ་པ་དང་ཧ་ལམ་མཚུངས། ཅུང་མི་འདྲ་ས་ ན་དུས་རབས་ཉི་ཤུའི་ལོ་རབས་དྲུག་ཅུའི་ནང་རྟེན་རེ་འགའ་བོར་བརླགས་བྱུང་བ་དང་། 1984ལོར་ཇོ་ཁང་ གི་སྒོ་མོ་ཆེའི་མདུན་དུ་ཐང་ཆེན་བཟོས་པ་ཡིན། བར་སྐོར་ལྷ་སའི་ཚོང་ར་ཆེན་པོར་གྱུར་ནས་དུས་རབས་དུ་ མ་འདས་ཀྱང་། ནངས་དགོང་དུས་སུ་འདི་ནི་མཇལ་བ་དང་ལྷ་སའི་མི་ནམས་ཀྱི་དད་པ་དང་མཆོད་མཇལ་ བྱེད་ཡུལ་གཙོ་ཤོས་ཡིན་པ་སྨྲས་མ་དགོས་ཤིང་།དད་ལྡན་པ་མང་ཆེ་བས་ཉིན་རེར་བསྐོར་གཅིག་དང་ཡང་ ན་བསྐོར་གསུམ་བརྒྱག་གི་ཡོད།
སྔོན་གྱི་དུས་རབས་དུ་མའི་རིང་། མི་རྣམས་ཀྱིས་ཇོ་ཁང་གི་མཐའ་བསྐོར་ནས་ སྲང་ལམ་རིམ་པར་བཟོས་ཤིང་། དེའི་ཡས་མས་སུ་གྱང་ངོར་དཀར་རྩི་བྱུགས་ ཤིང་རྡོ་ཤིང་ལས་གྲུབ་པའི་ཁང་པ་རིམ་བཞིན་བསྟར་ཕྲེང་དུ་བསྒྲིགས་པས། ཐོག་མའི་རྣམ་པ་ལས་འཕེལ་རྒྱས་ཆེན་པོ་བྱུང་། དེ་མི་ཚད་མཚམས་མཚམས་སུ་དགོན་པ་དང་། ཐང་ཆེན། ཆུ་སྦུག། རྫིང་བུ། གླིང་ག། མཆོད་རྟེན་བཅས་སྟར་ཆགས་སུ་བཞེངས་ཡོད་པས་ལན་རེར་མགོ་འཐོམ་པར་ བྱེད་ཀྱང་སྲིད། |
![]() |
ལྷ་སའི་སྲོལ་རྒྱུན་གྱི་བཟོ་བཀོད། |
![]() |
སྲོལ་རྒྱུན་གྱི་ལྷ་སའི་སྡོད་གནས་བཟོ་བཀོད་ལ་ཐུན་མིན་གྱི་བཟོ་དབྱིབས་ལྡན་ཏེ། ཁོད་ཡངས་པའི་རྒྱ་ཕིབས་ དང་ནང་ལོགས་སུ་ཅུང་གསེག་པའི་ཕྱི་གྱང་། བྱ་འདབ་ལྡན་པའི་སྒོ་དང་དྲ་མ། དཀར་རྩི་བྱུགས་པའི་མཐའ་ རུ་ཁ་དོག་ནག་པོ་རྒྱན་པའི་མདུན་གྱང་བཅས་གྲུབ། ཁ་དོག་སྣ་ལྔ་ལས་གྲུབ་པའི་དར་ལྕོགས་ཀྱིས་འདི་ནི་སངས་ རྒྱས་ཆོས་ལུགས་ལ་དད་པ་བྱེད་པའི་མི་ཚང་ཡིན་པ་མཚོན་ཡོད། དགོན་པའི་བཟོ་བཀོད་ལ་འདི་ལས་གཞན་ པའི་བཟོ་དབྱིབས་ཡོད་ཀྱང་། གྲུབ་ཆ་ཕལ་ཆེར་གཅིག་ཡིན། ལྷ་སའི་བཟོ་སྐྲུན་རྙིང་པ་རིགས་གསུམ་དུ་དབྱེ་ཆོག་སྟེ། སྐུ་དྲག་བཞུགས་པའི་གཞིས་ཀ་དང་། བླ་མ་དང་དཔོན་ ཆེན་གྱི་བཞུགས་བྲང་། ཚོང་བ་དང་མི་སེར་འདུག་གནས་བཅས་གསུམ། རེ་རེར་མ་མཐའ་ཡང་ཁྱམས་ར་རེ་ཡོད། གཞན་གཉིས་དང་བསྡུར་ན་སྐུ་དྲག་གི་གཞིས་ཀ་ནི་བཟོ་བྱེད་ཀྱི་རྒྱུ་ཆ་དང་། སྤུས་ཚད། བཟོ་རྩལ་སོགས་ཕྱོགས་ གང་ཐད་ནས་བཟང་ཤོས་ཡིན་ཏེ། ཐོག་མཐའ་བར་བཅས་རིམ་པ་གསུམ་དང་དེའི་ཆ་ཤས་སུ་བཟོས་པའི་གཡས་ གཡོན་གྱི་ཁང་བཟང་དང་། ཡང་སྟེང་དུ་ཉི་སྡིངས་དང་སྒེའུ་ཁང་གི་བརྒྱན་ཡོད་པས། བལྟས་པ་ཙམ་གྱིས་ངོས་ མཉམ་ཞིང་ཆགས་རིམ་ལྡན་པར་སྣང་། ཁྱམས་རའི་མཐའ་བསྐོར་དུ་ལས་ཡོད་པའི་ཁང་བ་དག་ཐོག་ཁང་ལས་ ཁང་ཚད་གཅིག་གིས་དམའ་ལ། ཟུར་དུ་སྐས་ ཞིག་ཡོད་པས་བར་ཁང་དང་ཡང་ཁང་དུ་ཐོན་ཐུབ། ཁང་པའི་ འོག་མ་མང་ཆེ་བ་རྟ་ར་དང་མཛོད་ཁང་ཡིན། དཔོན་ཆེན་དང་བླ་ཆེན་གྱི་བཞུགས་བྲང་ལ་ལ་སྒེར་ལ་དབང་ཞིང་། ལ་ལ་ནི་དགོན་ཆེན་དང་སྲིད་གཞུང་ལ་ དབང་། འདི་དང་ཐོག་ཕྱོགས་ཡར་མར་འགྲིམ་པའི་ཚོང་ལས་གཉེར་མཁན་རྣམས་ལ་མགྲོན་ཁང་དང་མཛོད་ ཁང་དུ་བཟོས་པ་ཡིན། རྗེས་སུ་གྲོང་ཁྱེར་གྱི་འཕེལ་རྒྱས་དང་བསྟུན་ནས་བཞུགས་ཁང་དུ་གྱུར། དགོན་པའི་ བཞུགས་བྲང་ནི་དུས་ཆེན་སྐབས་སུ་ཆོས་ལུགས་ཆོ་ག་བསྒྲུབས་པའི་གྲྭ་མང་བཞུགས་ས་ཡིན། སྲོལ་རྒྱུན་གྱི་ བཞུགས་བྲང་རྣམས་བཟོ་དབྱིབས་ངོས་མི་མཉམ་ཞིང་། ཡང་སྟེང་གི་ཁང་པ་བརྟན་པོ་ཡོང་ཆེད་རྩ་འདམ་ གྱིས་བཟོས་འདུག ཁང་བདག་དང་དེའི་གཉེན་ཉེ། དགོན་པའི་སྐུ་ཚབ་རྣམས་འདུག་པའི་ཁང་བ་དག་ཤིང་ དང་དྲོ་བརྐོས་རི་མོ་ལ་སོགས་པས་མཛེས་པར་བརྒྱན་ཞིང་མཆོར་ཉམས་ལྡན་པ་ཞིག་སྣང་། གཞན་རྣམས་ ནི་དེ་འདྲ་ཞིག་མིན་པར་མཆིས། ཚོང་པའི་ཁང་པ་ལ་སྒེར་དབང་དང་གཞན་ལས་གླས་པ་གཉིས་སུ་དབྱེ་ཆོག སྤྱིར་བཏང་ཡིན་ན་བཟོ་བཀོད་ ཅུང་བཟང་པའི་ཁང་པ་ཉིས་བརྩིགས་ཡིན་སྟེ། དེ་ལས་ཁ་ཤས་འདུག་གནས་དང་། ཁ་ཤས་ཚོང་ཁང་དང་ མཛོད་ཁང་ཡིན། མི་སེར་དཀྱུས་མའི་ཁང་པ་གཞིས་ཀ་དང་བཞུགས་བྲང་ནང་བཞིན་བརྗིད་ཉམས་ལྡན་པ་ ཞིག་མ་ཡིན་པར་ཅུང་ཉམས་ཆུང་བར་གནས་ཏེ། རྨང་རྡོ་བཏིང་སྟེ་དེའི་སྟེང་དུ་ཤིང་དང་རྩ་འདམ་ལས་ བཟོས་པ་ཡིན། (གནས་ཚུལ་ཞིབ་ཁྲ་"བོད་ཀྱི་བཟོ་རིག་"ཤོག་ངོས་ནང་ཡོད་དུ།) |
![]() |
གནའ་ཤུལ་ཁང་རྙིང་། |
![]() |
སྐུ་དྲག་གི་འཚོ་བ་ནི་ལ་ཁའི་ཉི་མ་བཞིན་ང་ཚོའི་མིག་ལམ་དུ་རིམ་གྱི་ཡལ་པས། སྤྱི་ཚོགས་ཀྱི་འཕོ་འགྱུར་ ཁྲོད། ད་ལྟ་སྒེར་དབང་ལམ་ལུགས་སུ་བསྐྱོད་པ་དང་། མི་གྲངས་ཀྱང་ཇེ་མང་དུ་སོང་རྐྱེན་རིན་གོང་འོས་ འཚམས་ཡིན་པའི་ཁང་བ་མི་བཟོ་ཐབས་མེད་བྱུང་། ཡིན་ཡང་། ལྕགས་དང་ཨར་འདམ་ལས་གྲུབ་པའི་ཁང་ པ་སྲ་བརྟན་ཅན་གྱིས་སྔོན་གྱི་ཁང་པའི་ཚབ་བྱས་ཏེ་གྲོང་ཁྱེར་གྱི་རྣམ་པ་བསྒྱུར་པ་དང་ཆབས་ཅིག སྲོལ་ རྒྱུན་གྱི་ལག་རྩལ་ཡང་རིམ་གྱིས་རྒྱུན་ཆད་པར་འགྲོ་བཞིན་གདའ། |
![]() |
![]() |
པར་གཞི་བོད་ལྗོངས་རིག་གནས་འཕེལ་རྒྱས་ཀུན་མཐུན་ཐེབས་རྩ་ལྷན་ཚོགས་(THF)ལ་དབང་།
|