ལྷ་ས་གྲོང་ཁྱེར་གྱི་ངོ་སྤྲོད་མདོར་བསྡུས།


དེང་རབས་ཅན་གྱི་དུས་སྐབས།

གྲོང་ཁྱེར་གྱི་འཕེལ་རྒྱས།

ཕེ་ཐིག་གིས་1948ལོར་རྟོག་ཞིབ་བྱས་པ་ལྟར་ན། སྐབས་དེར་ལྷ་ས་གྲོང་ཁྱེར་གྱི་དཀྱིལ་དབུས་སུ་ཧ་ལམ་བཟོ་ བཀོད་600་ལྷག་ཡོད་པ་དང་། (གྲོང་ཁྱེར་སྤྱིར་900་ཡོད) མི་འབོར་ཁྲི་གསུམ་ཡས་མས། དེང་གི་དུས་སུ་ ལྷ་ས་ལ་མི་འབོར་འབུམ་བཞི་སླེབས་ཡོད་པ་མ་ཟད། གཞུང་ལམ་དང་བཅུ་ཐོག་ཡན་གྱི་ཁང་བརྩེགས་ཁ་ཤས། དེང་རབས་ཅན་གྱི་སྒྲིག་ཆས་མང་པོ། དྲ་ཁང་ལ་སོགས་མང་པོ་ཡོད། ལས་ཀ་བཙལ་སླ་བ་དང་ཡོང་འབབ་ མཐོ་བ། སློབ་གསོ་དང་སྨན་བཅོས་བྱེད་བདེ་པོ་ཡོད་པ་བཅས་ལ་བརྟེན། ལྷ་སའི་མ་ཡིན་པའི་བོད་མི་མང་ པོ་དེར་ཡོང་བ་དང་མཉམ་དུ་ཞིང་ཆེན་གཞན་ནས་ཀྱང་མི་མང་པོ་འདིར་ཡོང་གིན་གདའ། འདི་ལས་གྲོང་ ཁྱེར་འདི་འཕེལ་རྒྱས་འགྲོ་བཞིན་ཡོད་པ་གསལ་པོར་མཚོན།

ཕྱིར་ལོག་པ།
མཁར་རྙིང་གི་ཁྱད་ཆོས།

དེང་སྐབས་མཁར་རྙིང་ནི་གླིང་སྐོར་བྱང་ལམ་དང་། ཤར་ལམ། ལྷོ་ལམ། ནུབ་ཕྱོགས་ཀྱི་རྡོ་སེང་གེ་ལམ་དང་ བཅས་ལ་ཟེར་ཞིང། སྤྱི་ལེ་གྲུ་བཞི་མ་1.3་ཟིན་ཡོད། ལོ་འདི་ཀའི་རིང་གྲོང་ཁྱེར་ལ་འཕེལ་རྒྱས་ཆེན་པོ་བྱུང་ ཡང་། མཁར་རྙིང་ལ་སྔོན་གྱི་ཁྱད་ཆོས་ལྡན་ཏེ། བཟོ་བཀོད་ཀྱི་ཐད་ནས་གཞན་དང་མི་འདྲ་བར་ཚེགས་དམ་ པོར་ཆགས་འདུག

གནའ་དུས་ཀྱི་ཤུལ་བཞག་ཡིན་པའི་མཁར་རྙིང་ལ་གཞན་དང་མི་མཐུན་པའི་གོ་གནས་ཡོད་དེ། དཀྱིལ་དུ་ཟས་ རིག་ཚོང་ཁང་དང་ཁྲོམ་ར་ཆགས་པ་ལ། བྱང་ཕྱོགས་སུ་ལས་ཁུངས་མང་པོ་དང་སྲིད་གཞུང་གི་གཞུང་དོན་ཁང་ བཙུགས་ཡོད། གཞན་ཡང་ལྷ་ཁང་17་དང་། སྨན་ཁང་2། སློབ་ཆུང་འགའ། ཚགས་པར་ཁང་། གློག་བརྙན་ ཁང། ཇེ་མང་དུ་འགྲོ་བཞིན་ཡོད་པའི་ཟ་ཁང་དང་མགྲོན་ཁང་བཅས་ཚུད་ཡོད་པ་མ་ཟད།

སྲིད་གཞུང་གིས་ཉེ་ཆར་གྲོང་ཁྱེར་གྱི་སྤྱི་སྤྱོད་ཁང་གནས་གཙོ་བོ་ཡང་འདི་རུ་འཛུགས་རྒྱུ་ཡིན་པ་གཏན་འབེབས་ བྱས། གྲོང་ཁྱེར་ཇུས་འགོད་མཁན་ཚོས་སྤྱི་སྤྱོད་ཁང་གནས་གཙོ་བོ་མཁར་རྙིང་དུ་འཛུགས་པ་ལ། དང་པོ་ཇོ་ ཁང་གི་མཐའ་བསྐོར་ནི་མི་ཚོགས་འདུས་ས་ཡིན་པ་དང་། གཉིས་ནི་ལྷ་ས་ལུང་པའི་ས་གཞན་ནི་མི་སྒེར་དང་ སྲིད་གཞུང་མཉམ་སྦྲེལ་བྱས་ནས་འཛུགས་སྐྲུན་བྱེད་བཞིན་ཡོད་པ། དེ་མི་ཚད་མི་མང་ཆེ་བས་མཁར་རྙིང་གི་ ཉེ་འཁོར་དུ་ཁང་པ་ཉོ་རྒྱུ་དང་གླས་རྒྱུར་དགའ་པོ་ཡོད་པ་རྒྱུ་མཚན་དུ་བྱས་པ་ཡིན། (གཙོ་བོ་ནི་ཇོ་ཁང་དང་ སློབ་གྲྭ ཚོང་རྭ་བཅས་ལ་ཐག་ཉེ་བས་སོ།)

མི་གྲངས་ཇེ་མང་དུ་འགྲོ་བཞིན་ཡོད་པར་དམིགས་ནས་འཛུགས་སྐྲུན་ཅུའུ་ཡིས་སྲིད་ཇུས་གསར་པ་གཏན་ འབེབས་བྱས་ཏེ། བཟོ་བཀོད་རྙིང་པ་དག་བཤིག་ནས་བཞི་ཐོག་ཅན་གྱི་ཁང་བརྩེགས་བཟོས་པ་དང་། དེའི་ སྐོར་ཞིག་ལ་བོད་ཀྱི་བཟོ་རིག་ཁྱད་ཆོས་ལྡན་པར་བཞེངས། ཡིན་ཡང་། འདི་ལག་བསྟར་བྱུང་བའི་རྗེས་སུ་ མཁར་རྙིང་གི་མི་གྲངས་ལོ་བཅུའི་རིང་ལ་ལྡབ་འགྱུར་གྱིས་ཇེ་མང་དུ་སོང། ད་ལྟ་ཚོད་དཔག་བྱས་པ་ལྟར་ན། ཁྲི་ལྔར་སླེབས་འདུག(མང་ཆེ་བ་ནི་བོད་མི་ཡིན)གྲོང་ཁྱེར་ཡོངས་ཀྱང་འབུམ་བཞི་ལ་ཉེ།

ཕྱིར་ལོག་པ།
གཏོར་བཤིག་ཐེབས་བཞིན་པའི་བཟོ་བཀོད་རྙིང་པ།

1993ལོ་ནས་བཟུང་ལོ་རེར་ཆ་སྙོམས་སུ་བཟོ་བཀོད་རྙིང་པ་35་རེ་གཏོར་ བཤིག་འགྲོ་བཞིན་ན་ཡོད་པ་དང་། གལ་ཏེ་འདི་བཞིན་མུ་མཐུད་དུ་གཏོར་ བཤིག་སོང་ན་ཤུལ་ལུས་བཟོ་སྐྲུན་དག་ལོ་གསུམ་ནས་བཞིའི་བར་མེད་བརླགས་ སུ་འགྲོ་ངེས། དེ་བས་སྲིད་གཞུང་ལ་སྐུལ་འདེད་ཀྱིས་ལག་བསྟར་བྱེད་བཞིག་ པའི་འཆར་གཞི་ལ་ཡང་བསྐྱར་གྲོས་མོལ་བྱས་པ་བརྒྱུད། གྲོང་ཁྱེར་གྱི་འཕེལ་ རྒྱས་དང་ཤུལ་ལུས་བཟོ་སྐྲུན་སྲུང་སྐྱོབ་བྱེད་རྒྱུ་གཉིས་ཀར་ཕན་པའི་ཐབས་ ལམ་ཞིག་ལས། མིག་སྔར་གྱི་འཕེལ་ཕྱོགས་འདི་བཀག་འགོག་བྱེད་པ་ནི་ང་ཚོའི་ དམིགས་ཡུལ་ཁོ་ན་ཡིན།


ངོས་གོང་མ། | ཕྱིར་ལོག་པ། | ངོས་འོག་མ།
ངོས་གཙོ། »  ལྷ་ས། »  ལྷ་ས་གྲོང་ཁྱེར་གྱི་ངོ་སྤྲོད་མདོར་བསྡུས་ཤོག་ངོས་གསུམ་པ།
པར་གཞི་བོད་ལྗོངས་རིག་གནས་འཕེལ་རྒྱས་ཀུན་མཐུན་ཐེབས་རྩ་ལྷན་ཚོགས་(THF)ལ་དབང་།