པར་བཏབ་རིགས། - སྙན་ཞུ་དང་དཔར་སྐྲུན་དེབ་ཚོགས།

དཔར་སྐྲུན་ཤོག་ངོས།
སྙན་ཞུ་ཤོག་ངོས།
THFསྐོར་གྱི་དཔར་སུྐྲན་དེབ་ཚོགས།





སྤྱི་ལོ་1995 ལོར་ཨའོ་སུ་ཁྲི་(Austria) ནས་འཚོགས་པའི་རྒྱལ་སྤྱིའི་ཚོགས་པའི་ཐེངས་བདུན་པའི་ཞིབ་ འཇུག་གི་གྲོས་མོལ་ཚོགས་འདུའི་ཐོག་གྲོང་རྙིང་ལྷ་སའི་ཞིབ་འཇུག་ཚན་པ་འདི་ངོ་སྤྲད་པ་དང་། སྤྱི་ལོ་
1998ལོར་འཕེལ་རྒྱས་ཕྱིན་པའི་ལྷ་སའི་ས་ཁྲ་པར་དུ་བསྐྲུན་པ་དེས། སྤྱི་ལོ་1948ལོ་དང་། 1985ལོ། 1998ལོ་སྟེ་དུས་སྐབས་མི་འདྲ་བ་གསུམ་གྱི་ལྷ་ས་གྲོང་ཁྱེར་གྱི་འཕེལ་རྒྱས་གསལ་པོར་མངོན་པ་མ་ཟད། ལོ་རྒྱུས་ལྡན་པའི་བཟོ་སྐྲུན་མང་པོ་མེད་པར་གྱུར་བ་གསལ་བཤད་བྱས།

དེ་མིན་སྤྱི་ལོ་1998ལོར་གནའ་བོའི་གྲོང་ཁྱེར་གྱི་རྣམ་པ་རྙིང་པ་དང་། གྲོང་ཁྱེར་གྱི་འཕེལ་རྒྱས་དང་སྡོད་ ཁུལ་རྙིང་བའི་གནས་ཚུལ་ཕྱོགས་བསྡུས་བྱས་པས། ང་ཚོས་བོད་ཀྱི་གནའ་བོའི་བཟོ་སྐྲུན་ལ་ཞིབ་འཇུག་བྱས་ པའི་འབྲས་བུ་ཐོག་མ་བྱུང་།

སྤྱི་ལོ་1999ལོའི་ལོ་མཇུག་ཏུ། དེབ་ཚོགས་ལས་དེབ་གཉིས་པ་"ལྷ་སའི་བར་སྐོར་གླིང་གི་ལོ་རྒྱུས་ལྡན་པའི་ བཟོ་བཀོད་གསལ་བའི་སྒྲོན་མེ"ཞེས་པ་པར་དུ་བསྐྲུན་པ་དང་། དེའི་ནང་དུ་བར་སྐོར་ཁུལ་གྱི་བཟོ་བཀོད་ མང་ཆེ་བའི་ལོ་རྒྱུས་དཔྱད་གཞི་ཡིག་ཆ་དང་བཟོ་སྐྲུན་གྱི་རྒྱུ་ཆ་མང་པོ་བཀོད་ཡོད། དུས་མཚུངས་སུ་བར་ སྐོར་གྱི་དཔེ་རིས་གསར་པ་པར་བསྐྲུན་བྱས།

སྤྱི་ལོ་2001ལོར་THF/LAPདང་Trondheimསློབ་ཆེན་གཉིས་ཀྱིས་1996ལོར་མཉམ་ལས་བྱས་པའི་གྲུབ་ འབྲས་པར་བསྐྲུན་བྱས་མོད། སྐྱོ་བ་ཞིག་ལ་ང་ཚོའི་འདྲ་པར་དང་། དཔེ་རིས། ཞིབ་འཇུག་གི་འབྲས་བུ་ བཅས་ལ་གདེང་འཇོག་མ་བྱུང་།

སྤྱི་ལོ་1998ལོའི་ལོ་མཇུག་ཏུ། THFཡིས་ལོ་གཅིག་གི་སྙན་ཞུ་ཞུས་པ་དང་། ཚན་པའི་བྱ་འགུལ་དང་ཚན་ པའི་མ་དངུལ་འགྲོ་གཏོང་གི་རེའུ་མིག་གསལ་བཀོད་བྱས། ལས་ཚན་ཇུས་འགོད་པ་ཅོན་ནོ་ཝེ་ནུ་ཡིས་ (John Niewoehner) THFཡི་ཆུ་དང་འཕྲོད་སྟེན་སྒྲིག་ཆས་སྐོར་ཀྱི་སྙན་ཞུ་བྲིས།

2000ལོ་ནས་བཟུང་། THF ཡིས་མུ་མཐུད་དུ་གྲོང་ཁྱེར་གྱི་སྡོད་ཁུལ་རྙིང་པར་བདག་གཅེས་སྲུང་སྐྱོབ་ བྱེད་པའི་འཆར་གཞི་གཙོ་བོའི་རྒྱུན་སྐྱོང་བཞིན་ཡོད། ཟིན་ཐོ་བསྒྱུར་ཡིག་གི་ལས་ཀ་བྱས་ཚར་པས། ང་ ཚོས་སྤྱི་ལོ་2002ལོའི་ཉིན་ཞིག་ལ་འཆར་གཞི་ཡོངས་མངོན་འགྱུར་བྱེད་པའི་རེ་བ་ཡོད།


དཔེ་སྐྲུན་གྱི་རིགས། | སྙན་ཞུ་ཤོག་ངོས། | THFཡི་དཔར་བསྐྲུན་དེབ་ཚོགས་ཀྱི་སྐོར།
ངོས་གཙོ།  »  པར་བཏབ་རིགས།
པར་གཞི་བོད་ལྗོངས་རིག་གནས་འཕེལ་རྒྱས་ཀུན་མཐུན་ཐེབས་རྩ་ལྷན་ཚོགས་(THF)ལ་དབང་།