དཔེ་སྐྲུན་གྱི་རིགས།

ལྷ་སའི་ས་ཁྲ་ཤིང་དཔར་མ།
ལྷ་ས་གྲོང་ཁྱེར་འཕེལ་རྒྱས་ཀྱི་ས་ཁྲ། 1948-1954-1998ལོར།
ལྷ་སའི་མཁར་རྙིང་།
ལྷ་སའི་མཁར་རྙིང་གི་ཤོག་བྱང་ཨང་གཉིས་པ།
བར་སྐོར་གྱི་ས་ཁྲ།
ལྷ་ས་ལུང་པའི་ས་ཁྲ། 2001ལོར།

THF Books


ལྷ་སའི་ས་ཁྲ་ཤིང་དཔར་མ།

ཤིང་དཔར་གྱི་ས་ཁྲའི་ཐོག་ཏུ་མཆོད་མཇལ་པ་མཇལ་བསྐོར་དུ་འགྲོ་སའི་ ལྷ་སའི་གནས་འགངས་ཆེན་གསལ་བོར་བཀོད་ཡོད། དཔར་ཐེངས་གཉིས་ པར། བོད་ཡིག་དང་དབྱིན་ཡིག་གི་ལམ་ནས། ཕིན་ཕིན་ཨ་རྩེ་བེ་རྡོས་
(PimPim De Azevedo) ས་རིས་ལ་འགྲེལ་བ་བྱས་ཡོད་ཅིང་། ཁོ་ དང་ཨནདྲེ་(Andre) བསྒྲིགས་པ་རེད། རྨེ་རུ་བཀའ་འགྱུར་དཔར་ཁང་ གིས་1994ལོར་དཔར་ཐེངས་དང་པོར་བྱས་ཤིང་ད་བར་དུ་བསྐྱར་དཔར་ མང་པོ་བྱས་ཡོད། དེ་དག་དེང་སྐབས་ད་རུང་ལྷ་ས་ནས་མཐོང་ཐུབ་པ་རེད། དཔེར་ན། བར་སྐོར་ལྷོ་ཟུར་གྱི་ བླ་བྲང་རྙིང་པའི་སྒོ་རའི་མདུན་གྱི་ཚོང་རར་འཚོང་རྒྱུ་ཡོད།

ཕྱིར་ལོག་པ།
  ལྷ་ས་གྲོང་ཁྱེར་འཕེལ་རྒྱས་ཀྱི་ས་ཁྲ། 1948 - 1954 - 1998ལོར།

ས་ཁྲ་འདི་ནི་LAPཡིས་ཕེ་ཐུ་ཨོ་ཧྥུ་ཁུ་ནེ་ཐུ་(Peter Aufschnaiter)དང་ ཧའེ་རེ་ཁྲི་ཧའེ་རུ་(Heinrich Harrer)གཉིས་ཀྱིས་1948ལོར་ཚད་འཇལ་ བྱས་པར་བརྒྱུད་བཟོས་པའི་ཞིབ་བསྡུར་དང་ལྷ་སའི་དེང་རབས་འཕེལ་རྒྱས་ ཞེས་པའི་ས་ཁྲ་གཞིར་བཟུང་ནས་བཟོས་པ་ཡིན། མུ་འབྲེལ་ས་ཁྲ་འདིའི་ནང་
1948ལོ་ཚུན་ཆད་ཀྱི་གྲོང་ཁྱེར་འཕེལ་རྒྱས་དང་ལོ་རྒྱུས་བཟོ་བཀོད་ཀྱི་གནས་ ཚུལ་ཁྱོན་ཡོངས་ནས་མཁོ་འདོན་བྱས་ཡོད། རྒྱུ་ཆའི་ཡོངས་ཁུངས་ནི།
1948ལོའི་ཕེ་ཐུ་ཨོ་ཧྥུ་ཁུ་ནེ་ཐུའི་ཚད་འཇལ་དང་། 1978ལོ་(1: 5000)།
1985ལོ་(1: 1000)། 1991ལོ་(1: 200,000)གཞུང་ཕྱོགས་ཀྱི་ཚད་ འཇལ་རྒྱུ་ཆ། གནམ་གྲུའི་ཐོག་བླངས་པའི་པར་(1990-91)དང་། སྲུང་སྐར་གྱིས་བླངས་པའི་པར་
(1965,1970,1984དང་2000ལོ)། དེ་མིན་རང་སྒེར་གྱི་ཞིབ་འཇུག་བཅས་ཡིན། ས་ཁྲའི་བླ་འདོན་པ་ ནི་ཨར་ལེ་ཁུ་སི་མུའུ་ལི་(Alex Muller) ཡིན། ཐུགས་རྗེས་ཞུ་ཡུལ་ནི་ཞ་ལུ་(Shalu) མཐུན་ཚོགས་ཡིན། མོར་ཚི་(MRTZ) དང་ཨནདྲེ་ཨ་ལེཀ་ཛན་ཌར་(Andre Alexander) གཉིས་ཀྱིས་1994ལོར་པའོ་ལིན་ གྱི་(Hochschule der Kuenste) སྒྱུ་རྩལ་སློབ་གྲྭ་ཆེན་མོའི་Macintosh ཡི་Graphsoft's
Minic CAD 5.0 སྤྱད་ནས་བཟོས། 1997ལོར་གསར་བསྒྱུར་བྱས།

ས་ཁྲ་ལྟེབས་མ། 150x58cm ཚོན་མདོག VFKA ཡིས་1998ལོར་པའོ་ལིན་ནས་དཔར་བསྐྲུན་བྱས།
ISBN 3-933192-00-5

ཕྱིར་ལོག་པ།
ལྷ་སའི་མཁར་རྙིང་།

སྙན་ཞུ་འདིའི་ནང་དུ་ལྷ་ས་གྲོང་ཁྱེར་གྱི་ལོ་རྒྱུས་ལྷུག་བརྗོད་བྱས་ཡོད་ཅིང་། བོད་ ལྗོངས་ཀྱི་བཟོ་བཀོད་ལས་རིགས་ངོ་སྤྲོད་དང་དེང་སྐབས་ཀྱི་ལྷ་སའི་མཁར་རྙིང་ ཁུལ་གྱི་ཐོག་མའི་རྣམ་པར་ཞིབ་འཇུག་བྱས་པའི་འབྲས་བུ་མཁོ་འདོན་བྱས་ཡོད། ཨ་རིའི་ཧིན་ངྷི་ཨན་ནཱ་ཀྲིག་གི་པུའུ་ལུའུ་མིང་གྲོང་ཁྱེར་གྱི་ཧིན་ངྷི་ཨན་ནཱ་སློབ་ ཆེན་གྱི་རྒྱལ་སྤྱིའི་བོད་ལྗོངས་ཞིབ་འཇུག་མཐུན་ཚོགས་སྐབས་བརྒྱད་པའི་བོད་ ལྗོངས་ཞིབ་འཇུག་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་ཐོག་ཏུ་ངོ་སྤྲོད་བྱས། ཡིག་ཆ་ཆ་ཚང་ དང་པར་རིས་ངོ་བཤུ་བྱས་ཀྱང་ཆོག གསར་བསྒྱུར་བྱས་པའི་དཔེ་སྐྲུན་དཔར་མ་(ལག་བཟོ་བྱས་པའི་ཧི་མ་ལ་ཡའི་ཤོག་གུ་དྲ་མིག་ཅན་ཕྱི་ཤོག་བྱས་ ཡོད་)དེ་ང་ཚོར་འབྲེལ་གཏུགས་བྱེད་པའམ་ཡང་ན་ཚོང་ཁང་དམིགས་བསལ་ཅན་(Michael Henns'
ASIATICA། ཅ་ཏི་མན་ཏུའུ་དཔེ་ཚོང་ཁང་དང་ལྷ་སའི་ཚོང་ར)དུ་ཉོ་ཐུབ།

ཨནདྲེ་ཨ་ལེཀ་ཛན་ཌར་(Andre Alexander)དང་ཕིམ་ཕིམ་ཨ་རྩེ་བེ་རྡོ་(Pim Pim de Asevedo)
གཉིས་ཀྱིས་བརྩམས་པའི་A4ཅན་གྱི་དེབ་ཆུང་སྟེ། ལག་བཟོ་བྱས་པའི་ཧི་མ་ལ་ཡའི་ཤོག་གུའི་ཕྱི་ཤོག་མདོག་ གཉིས་པ། ཤོག་ངོས་96 ཁ་དོག་རྐྱང་མ། པར་རིས་འགྲེལ་བཤད་བཅས་ལྡན་པ་དེ། VFKA དང་བོད་ ལྗོངས་རིག་གནས་འཕེལ་རྒྱས་ཀུན་མཐུན་ཐེབས་རྩ་ཚོགས་པས་1998ལོར་པའོ་ལིན་ནས་དཔར་བསྐྲུན་བྱས་། (1999ལོ་དང་2000ལོར་ཅ་ཏི་མན་ཏུའུ་ནས་བསྐྱར་དཔར་བྱས།)
ISBN 3-933192-01-3

ཕྱིར་ལོག་པ།
ལྷ་སའི་བར་སྐོར་ནང་གི་གནའ་བོའི་ལོ་རྒྱུས་ལྡན་པའི་ཁང་བཟང་དང་གཙུག་ལག་ཁང་གི་རྣམ་བཤད་གསལ་ སྒྲོན་(ལྷ་སའི་མཁར་རྙིང་གི་ཤོག་བྱང་ཨང་གཉིས་པ) ཞེས་པ་པར་རིས་གཉིས་འཛོམས་ཀྱིས་ངོ་སྤྲོད་བྱེད་པ།

འདི་ནི་བོད་ལྗོངས་རིག་གནས་འཕེལ་རྒྱས་ཀུན་མཐུན་ཐེབས་རྩ་ཚོགས་པའི་ ལྷ་སའི་མཁར་རྙིང་སྐོར་གྱི་ཤོག་བྱང་གཉིས་པ་ཡིན། དེས་ལྷ་སའི་ལྟེ་བ་བར་ སྐོར་ལ་ལོ་གཉིས་རིང་ཚད་འཇལ་བྱས་པའི་གྲུབ་འབྲས་བསྐྱར་དཔར་བྱས་ ཡོད་ཅིང་། དེར་མ་ཟད་བར་སྐོར་གྱི་མཐའ་རུ་བསྐོར་པའི་ཟུར་ངོས་བཞིའི་ ལག་བྲིས་ལངས་གཟུགས་ཀྱི་བསྡུར་ཚད་དང་། འཕྲེད་བཅད་རི་མོ་གཉིས་ དང་ལོ་རྒྱུས་བཟོ་བཀོད་རང་འཇགས་སུ་ཡོད་པའི་ཐོག་ཁང་དེ་གཉིས་ཀྱི་ སྙོམས་རིས་ཡོངས་སུ་བཀོད་ཡོད། ད་དུང་མེ་ཟའོ་ཨེ་ཁུ་སི་ཐུ་
(Marhew Akester) དང་ཨནདྲེ་ཨ་ལེཀ་ཛན་ཌར་(Andre Alexander) གཉིས་ཀྱིས་རྩོམ་སྒྲིག་བྱས་ པའི་ལྷ་ས་དང་གནས་འགངས་ཆེན་དེ་གཉིས་སྐོར་གྱི་ལོ་རྒྱུས་དེབ་ཐེར་ཡང་ཡོད། འཇར་མན་ལག་རྩལ་ མཉམ་ལས་ཚོགས་པའི་(GTZ) རོགས་སྐྱོར་འོག་དཔར་བསྐྲུན་བྱས།

ཨནདྲེ་ཨ་ལེཀ་ཛན་ཌར་(Andre Alexander) དང་ ལྗོན་ཧའེ་རེ་སན་(John Harrison)། ཕིན་ཕིན་ ཨ་རྩེ་བེ་རྡོ་(PimPim De Azevedo)(རྩོམ་སྒྲིག)གསུམ་གྱིས་བརྩམས་པའི་A5ཅན་གྱི་ཡུལ་ལྗོངས་རི་མོའི་ བསྡུས་དེབ་སྟེ། ཤོག་ངོས་60ཁྲོད་ཤོག་ངོས་ལྟེབས་པ་10ཡོད་པ་དང་། ཁ་དོག་རྐྱང་མ། པར་རིས་འགྲེལ་ བཤད། བོད་ཡིག་དང་རྒྱ་ཡིག་བཅས་ཚང་པ་དེ། VFKA དང་བོད་ལྗོངས་རིག་གནས་འཕེལ་རྒྱས་ཀུན་ མཐུན་ཐེབས་རྩ་ཚོགས་པས་1999ལོར་པའོ་ལིན་ནས་དཔར་བསྐྲུན་བྱས་ཤིང་། ཞང་ཀང་ནས་པར་དུ་བཏབ།
ISBN 3-933192-20-X

ཕྱིར་ལོག་པ།
བར་སྐོར་གྱི་ས་ཁྲ།

ལྷ་སའི་ལྟེ་བའི་སྙོམས་རིས་འདིའི་ནང་དུ་བར་སྐོར་གྱི་སྲུང་སྐྱོབ་ལོ་རྒྱུས་སྒྲིག་ གཞི་59བསྟན་ཡོད། བར་སྐོར་ནི་དུས་རབས་17པའི་ནང་གཙུག་ལག་ཁང་ (ཇོ་ཁང་)གི་མཐའི་བསྐོར་ལམ་གཙོ་བོ་ཞིག་ཡིན། མཉམ་འབྲེལ་རྒྱལ་ཚོགས་ ཚན་སློབ་རིག་གསུམ་གྱི་རྩ་འཛུགས་(UNESCO)ཀྱིས་ཇོ་ཁང་འཛམ་གླིང་ ཤུལ་རྫས་མིང་བྱང་ཁྲོད་བགྲངས་ཡོད། ས་ཁྲ་འདིས་ཅན་ཅོན་དང་། ཧོང་ ཞོ་ལིན། བློ་ལྡན། སྐལ་བཟང་། ཟླ་དཀར། ཕིམ་ཕིམ་ཨ་རྩེ་བེ་རྡོ། བཟེ་ ར་ཟེ་སིན། ཀྲའོ་ལུས་ཡ་ཧ་ཐུ་མན། ཁེན་ཨའོ་ཁུ་མ། ཁོའེ་ཇུས་རོ་ཨེ་ཆེ་ ཁ་བ་དང་ཡོ་ཐ་ཁ་ཧེ་ར་ཁོ་བཅས་ཀྱི་ཚད་འཇལ་བྱ་བ་དེ་གཞིར་བཟུང་ཞིང་། ལྗོན་ཧའེ་རེ་སན་གྱིས་ཕྱོགས་བསྡུས་དང་ལག་བྲིས་བྱས། པར་རིས་ནི་1948་ལོར་ཨོ་ཧྥུ་ཁུ་ནེ་ཐུ་དང་ཧའེ་ རིན་གཉིས་ཀྱིས་ལྷ་སར་ཚད་འཇལ་ཐིག་ལེན་བྱས་པ་རྨང་གཞི་བྱས་ཤིང་། དེར་མ་ཟད་ ཨན་འབྲུར་ཨ་ལེ་ གི་བཟན་རྡུ་ཡིས་བཅོས་སྒྲིག་དང་རྒྱས་འབྲི་བྱས། ཇོ་ཁང་གི་ངོས་མཉམ་རི་མོ་ཕལ་ཆེ་བ་ལྗོན་ཧའེ་རེ་སན་ གྱིས་བཅོས་སྒྲིག་བྱས་པའི་རྒྱལ་ཁབ་རིག་དངོས་ཅུའི་གཞུང་ཕྱོགས་ཀྱི་ཚད་འཇལ་གཞིར་བཟུང་ཡོད། འཇར་ མན་ལག་རྩལ་མཉམ་ལས་ཚོགས་པས་(GTZ)རོགས་སྐྱོར་བྱས་ནས་དཔར་བསྐྲུན་བྱས།

ས་ཁྲ་ལྟེབས་མ། A1ཁ་དོག་རྐྱང་མ། VFKA དང་བོད་ལྗོངས་རིག་གནས་འཕེལ་རྒྱས་ཀུན་མཐུན་ཐེབས་ རྩ་ཚོགས་པས་1999་ལོར་པའོ་ལིན་དང་ཞང་ཀང་ནས་དཔར་བསྐྲུན་བྱས།

ཕྱིར་ལོག་པ།
ལྷ་ས་ལུང་པའི་ས་ཁྲ། 2001ལོ།

གསལ་ཞིང་ཡང་དག་པའི་ལྷ་སའི་ས་ཁྲ་ཞིག་བཟོ་རྒྱུ་ནི་མཁར་རྙིང་ཁུལ་ལ་སྲུང་སྐྱོབ་བྱེད་པའི་ངོས་མཉམ་ རི་མོ་གཙོ་བོའི་ལས་ཀའི་སྐོར་གྱི་ཆ་ཤས་ཤིག་རེད། ཚད་འཇལ་ཞིབ་མོ་ཞིག་འཁྱོངས་དགོས་ན་
1985་ལོའི་1:10000བསྡུར་ཚད་ཅན་གྱི་གྲོང་ཁྱེར་སྲིད་གཞུང་གི་ཚད་འཇལ་(མིག་སྔར་ཁག་མང་པོ་དུ་ སྒྲིག་ཨང་ཅན་གྱི་རྣམ་པས་དཔར་བསྐྲུན་བྱས་ཡོད། )ཡོད་ཚེ་ད་གཟོད་སྒྲུབ་ཐུབ། འོན་ཀྱང་། ལྟ་བསྐོར་ བས་གསུངས་པ་བཞིན་གྲོང་ཁྱེར་གྱི་རྣམ་པ་ནི་དེ་དུས་དང་བསྡུར་ན་འགྱུར་ལྡོག་ཆེན་པོ་ཞིག་བྱུང་ཡོད། བོད་ལྗོངས་རིག་གནས་འཕེལ་རྒྱས་ཀུན་མཐུན་ཐེབས་རྩ་ཚོགས་པས་ལྷ་སའི་མཁར་རྙིང་སྲུང་སྐྱོབ་བྱེད་པའི་ ལས་ཀའི་ཚོ་ཆུང་དང་2000་ལོའི་ཟླ་9་པའི་ཚུན་གྱི་ཚོང་ལས་སྲུང་སྐར་གྱིས་པར་བླངས་པའི་རྒྱུ་ཆ་གཞིར་ བཟུང་སྟེ། ས་ཁྲ་གསར་པ་ཞིག་བཟོ་དགོས་པའི་ངེས་པ་ཡོད་པ་རེད།

མུས་ཁའེ་ཨོ་ཁྲུ་རྡུ་(Michael Orchard)དང་ཡོ་ཧྲེ་ཐ་ཏ(Yoshi Tada)། ཁེན་ཨོ་ཁུ་མ་
(Ken Okuma)་བཅས་ཀྱིས་Windowsཡི་AutoCAD14དང་Macintoshཡི་AdobefIllustrator
སྤྱད་དེ་བཟོས་།

ཕྱིར་ལོག་པ།

ངོས་གཙོ།  »  པར་འདེབས་དཔེ་ཚོགས།  »  དཔེ་སྐྲུན་གྱི་རིགས།
པར་གཞི་བོད་ལྗོངས་རིག་གནས་འཕེལ་རྒྱས་ཀུན་མཐུན་ཐེབས་རྩ་ལྷན་ཚོགས་(THF)ལ་དབང་།