སྔོན་མའི་སྐུ་དྲག་ཁྱིམ་རྒྱུད་ཅིག་གི་འཚོ་བའི་འགྲོ་སྟངས།

སྤྱི་ཚོགས་རྙིང་བའི་ནང་གི་ལྷ་སར་ཆེས་མཛེས་ཆ་དོད་པའི་གཞིས་ཀ་ནི་སྐུ་དྲག་གི་སྡོད་གནས་ཡིན། གཞིས་ཀ་རེར་ཁྱིམ་རྒྱུད་ཆེན་པོ་རེ་གནས་ཤིང་། དེ་གར་ཁོང་ཚོ་ཉི་གཉེན་ཉེ་དང་། བྲན་འཁོར་ གཡོག ཁྱིམ་སྒོ་ཟོག་དང་མཉམ་པོར་འཚོ་ཞིང་གནས། ང་ཚོ་ས་ཁྲ་ལེ་སུ་པའེ་ཨོ་(Charles Bell) སྟེ། དབྱིན་ཇིའི་བོད་སྡོད་གཞུང་ཚབ་པ་དང་རྒྱལ་དབང་སྐུ་ཕྲང་བཅུ་གསུམ་པའི་བློས་ཐུབ་གྲོགས་ པོ་འདིས་མི་ཆེན་གྱི་གཞིས་ཀ་ཞིབ་འབྲི་བྱས་པའི་ཡི་གེ་ཞིག་ལག་སོན་བྱུང་། 1915ལོར། པའེ་ ཨོ་(Bell) རྒྱུ་སྟོབས་ཆེ་བའི་འཕགས་ལྷ་ཁྱིམ་རྒྱུད་དང་ལྷན་དུ་རྒྱལ་རྩེ་ལ་ཉེ་བའི་གྲོང་གསེབ་ཀྱི་ ཁང་ཁྱིམ་ཞིག་ཏུ་བསྡད་མྱོང་། གཤམ་གྱི་ཁང་ཁྱིམ་འདིའི་སྐོར་གྱི་ལྷུག་བརྗོད་ལས། མི་རྣམས་ལ་
1959ཡར་སྔོན་གྱི་བོད་ལྗོངས་སྐུ་དྲག་གི་འཚོ་བ་རོལ་སྟངས་བག་ཆགས་ཟབ་མོ་ཞིག་འཇོག་ངེས། དེ་ལྟར་ལགས་ཀྱང་ངེས་པར་དུ་གསལ་འདེབས་བྱ་དགོས་པ་ཞིག་ནི། ལྷ་སའི་གཞིས་ཀ་ནི་གྲོང་ གསེབ་ཀྱི་ས་ཁོངས་མཚོན་ཐུབ་པའི་འདྲ་རིས་ཤིག་ཡིན།

དྲོང་ཚེ་གཞིས་ཀ་ནི་གྲུ་བཞི་གླིང་བཞིའི་ར་བསྐོར་ཞིག་ཏུ་ཆགས་ཡོད།སྒོའི་ཁ་གཏད་ས་ངོས་ལས་ ཐོག་ཁང་རིམ་པ་བཞི་ལས་མཐོ(ཞར་བཀོད། ལྷ་ས་གྲོང་ཁྱེར་དུ་ཐོག་ཁང་རིམ་པ་གསུམ་ཅན་མང་ ཤོས་ཡིན། )། དབྱར་ཐོག་ཏུ་ཐོག་ཁང་ནས་བསིལ་མོར་སྡོད་ཅིང་། དགུན་ཐོག་ཏུ་འོག་ཁང་ནས་ དྲོན་པོར་བསྡད་ཆོག། ཁོང་ཚོའི་མགྲོན་ཁང་དང་། གཟིམ་ཁང་། ཇ་ཁང་ཚང་མ་འདིར་ཡོད་པ་ རེད། ད་དུང་ཁང་མིག་ཅིག་ཡོད་པ་ནི་སློབ་ཁང་ཡིན་ཞིང་། ཁང་བདག་གི་བྱིས་པ་དང་། གླ་བ་ དང་བྲན་གཡོག་གི་བྱིས་པ་ཚང་མས་འདི་རུ་ཡི་གེ་སློབ་དགོས། འོན་ཀྱང་འཕགས་ལྷ་ཡི་བྱིས་པ་ ཚོར་སོ་སོའི་སྡོད་ས་ཁྱད་པར་བ་རེ་ཡོད། ཁྱིམ་རྒྱུད་ཀྱི་མཆོད་གནས་ཀྱིས་བཅའ་བ་རིམ་གྲོ་སྒྲུབ་ སྐབས། ཁྱིམ་ཆས་སྟབས་བདེ་ཡིན་རུང་། ལྕི་བའི་མེ་ཕུང་གཞོང་བའི་ནང་བླུགས་ནས་དྲོན་པོ་ བཟོ་དགོས། འདི་ནི་མཚོ་བོད་མཐོ་སྒང་གི་རྒྱུན་སྤྱོད་ཀྱི་འབུད་ཆས་ཡིན། རྒྱུ་མཚན་ནི་བོད་ ལྗོངས་སུ་ནགས་རིགས་ཉུང་ཞིང་། རྡོ་སོལ་དཀོན་པས་རེད། འདི་ལྟར་ཁྱིམ་གང་བོས་དགུན་ཁའི་ གྲང་ངར་ཆེ་བའི་ཞོགས་པ་དང་དགོང་མོ་རེ་རེར་མེ་ཐབ་བསྐོར་ནས་ཁ་ལག་བསྲོ་བ་རེད། སྡོད་ གནས་གང་དུ་ཡང་མཆོད་ཁྲི་དང་ལྷ་རིས་ཡོད་ཅིང་། མཐོ་རྒྱལ་བོ་དང་དམའ་འབངས་མི་སུ་ཡིན་ རུང་། ཆོས་ལུགས་ནི་ཁོང་ཚོའི་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་རེད།

འོག་ཁང་དུ་གཉེར་པ་གཉིས་ཀའི་ཁང་པ་ཡོད། ཁོང་ཚོས་དེ་ནས་ལས་ཀ་བྱེད་ཅིང་ཉི་མ་བསྐྱལ། གྱང་ངོས་སུ་མདའ་གཞུ་བཀལ་ཡོད་ལ། དུས་གང་ཡིན་རུང་མདའ་འཕེན་པའི་ལུས་རྩལ་དུ་གཞུག་ ཆོག་ཆོག་བྱས་འདུག མདའ་འཕེན་པའི་ལུས་རྩལ་གྱིས་བོད་ལྗོངས་ཀྱི་སྐྱེས་ཕོ་མོ་ཚང་མར་སྤྲོ་བ་ བསྐྱེད་ཐུབ་སྟེ། དེ་ནི་ལུས་རྩལ་འདི་རིགས་རྟག་པར་བོད་ལྗོངས་ཀྱི་ནམ་མཁའ་དྭངས་མོའི་འོག་ ནས་ནས་ཆང་ཞིམ་པོ་དང་གླུ་གར་སྐྱིད་པོ་དང་བསྡོངས་ནས་སྤེལ་བཞིན་ཡོད་པས་རེད། ཐོག་ཁང་ ནང་དུ་བོད་ལྗོངས་ཀྱི་མདུན་ཅོག་དམའ་མོ་བཞི་ལྔ་ཞིག་ཡོད་པའི་ཐོག་ཏུ་ཇ་ཕོར་ཁ་ཤས་བཞག་ ཡོད་པ་དེས། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བཏུང་བྱར་མཉམ་འཇོག་བྱེད་འོང་། དེ་ལས་གཞན་ གོན་ཁང་གཉིས་ཡོད། འདི་གར་གཞིས་གའི་ནང་གི་མཆོད་ཁང་ཡོད་ཅིང་། དེ་ལ་ཀན་གྱུར་མཆོད་ ཁང་ཟེར། བཀའ་བསྟན་གྱི་བསྟན་བཅོས་དང་གསུང་རབ་ཆ་ཚང་མཆོད་སྒམ་དུ་བསྒྲིགས་ཡོད་པ་ རེད། འབྲུ་རིགས་ཐོག་ཁང་འདིར་ཁོག་སྒོ་ཞིག་ཡོད་པ་བརྒྱུད་ནས་འོག་གི་མཛོད་ཁང་དུ་ལྡུག་པ་ རེད། གཡོག་པོ་ཚོའི་སྡོད་གནས་དང་། ཇ་ཁང་། མཛོད་ཁང་། དེ་མིན་སྣེ་ལེན་ཁང་བཅས་ཐོག་ ཁང་འདིའི་འོག་ཁང་དུ་བ་ཡོད། 1915ལོར་རེའི་ནང་དུ་དྲོང་ཚེ་ལ་ངོ་མཇལ་དུ་བསྐྱོད་སྐབས། ང་དུང་ཆུང་མ་གཉིས་ཐོག་ཁང་འདི་རུ་གནས་སྐབས་སུ་བསྡད་པ་ཡིན། ངེད་གཉིས་ཀྱིས་མཆོད་ ཁང་ཆེན་པོ་ཞིག་གི་ཟུར་ཞིག་བཅད་ནས་བསྡད་ཅིང་། ཞོགས་པའི་དུས་ཚོད་ལྔའི་ཐོག་གྱང་གི་ པར་ནང་ནས་གྲྭ་བ་ཞིག་གིས་རྒྱུན་དུ་འཕགས་ལྷ་ཁྱིམ་གང་བོའི་ཆེད་དུ་ཆོས་འདོན་བཞིན་པ་ཐོས་ ཐུབ།

ལོ་གསར་གྱི་སྐབས་སུ། འབྲེལ་ཡོད་ཀྱི་གཡོག་པོ་དང་གླ་བ་ཚང་མས་གཞིས་ཀའི་བདག་པོར་རྟེན་ འབྲེལ་ཞུ་བའི་ལེགས་སྐྱེས་འཁྱེར་ཡོང་པ་རེད། གལ་ཏེ་གཞིས་ཀའི་ནང་མི་ཞིག་ཡོད་ཚེ། དེ་ཡིས་ འབུལ་བ་ཚུར་ལེན་ཞིང་། མེད་ཚེ་ལེགས་སྐྱེས་དེ་བདག་པོའི་སྒྲོག་ཙེའི་ཐོག་ཏུ་འཇོག་པ་རེད།

འོག་ཁང་དུ་ངེད་གཉིས་གཡོག་པོའི་སྡོད་ཁང་དང་མཛོད་ཁང་གི་བར་དུ་ཡོད། ཕྱོགས་གཅིག་ཏུ་ ལུག་བལ་བཞག་ཡོད་ཅིང་། དེའི་སྣེ་རུ་འབྲུ་རིགས་བཞག་ཡོད་པའི་ཁང་ཤར་རིང་མོ་ཞིག་ཡོད་ མོད། དེའི་མཚམས་ཤིག་གྱང་གིས་བཅད་ཡོད་ལ་བར་དུ་ཀླད་འགེབས་མེད་པའི་བར་སྟོང་ཞིག་ བཞག་ཡོད། འདི་ནི་གཞིས་ཀའི་བདག་པོ་ལས་ཐོབ་ཐང་ཆུང་བའི་མི་རྣམས་ཀྱིས་གཞིས་ཀའི་ནང་ གི་རྩེད་འཇོའི་ལྟད་མོར་ལྟ་ས་ཡིན། སྤྱི་ཆིངས་ཀྱི་གཏན་ཁེལ་ལྟར་ན་རིམ་པ་མཐོ་བའི་མི་སྣས་ཆེས་ མཐོ་བའི་སྡོད་ས་འཛིན་དགོས། འདི་ལྟར་བྱས་ཚེ་ཁོང་རྣམ་པས་ལྟད་མོར་ལྟ་བའི་མཐོང་སྣེ་ཆེས་ ཡག་པོ་འཛིན་ཐུབ་ཡོད་པ་རེད། གང་ལྟར་ཀྱང་སྙན་གྲགས་དང་ཐོབ་ཐང་གི་མཐོ་དམའ་ནི་བར་ སྟོང་གི་སྡོད་ས་ལ་བལྟས་ན་ཤེས་ཐུབ་ཅིང་། མི་སེར་དཀྱུས་མས་ཕྱུགས་རའི་ནང་ནས་ལྟད་མོར་ ལྟ་དགོས།

དངོས་པོ་ཙག་ཙིག་འཇོག་སར་ས་གདན་ཆུང་ངུ་དང་། སྒྲོག་ཙེ་སོགས་ཀྱིས་ཁེངས་ཡོད་ལ། ཁང་ བ་གཞན་ཞིག་ཏུ་བག་ལེབ་བཞག་ཡོད། ཡང་ཁང་བ་གཞན་ཞིག་ཏུ་སྦི་རག་བཙག་སྤྱད་ཀྱི་ནས་ འབྲུ་བཞག་ཡོད། ངས་སྔོན་ཆད་བོད་མིས་ལོ་རེའི་ཟླ་བ་བཅུ་བའི་ནང་དུ་དགུན་ཤ་གསོག་འཇོག་ བྱེད་པ་ཐོས་མྱོང་པ་དེ་འདི་ནས་དོན་དངོས་ཡིན་པ་མིག་མཐོང་ལག་ཟིན་གྱི་ར་སྤྲོད་བྱུང་སོང་། ཁང་བ་ཆེན་པོ་ཞིག་ཏུ་སྐམ་ཤ་དང་ལུག་ཤ་ཁང་བའི་གནམ་གཅལ་ནས་ཐུར་དུ་དཔྱངས་ཡོད། ཟླ་བ་དགུ་བའི་ཚེས་བཅུ་བའི་ནང་དུ་ལུག་བཤས་ནས་བཟའ་བྱ་གསོག་འཇོག་བྱེད་པར་མི་ལ་སྤྲོ་ བ་མི་བསྐྱེད་པའི་རྣམ་པ་ཅི་ཡང་མི་འདུག ཨམ་མཆོད་ཁང་དང་གཡོག་པོ་ཚོའི་མལ་ཁང་ཐོག་ ཁང་རིམ་པ་འདིར་བཀོད་བསྒྲིག་བྱས་ཡོད།

ཐོག་ཁང་གི་རིམ་པ་དང་པོའི་ནང་སྦི་རག་བཙག་སའི་ཁང་མིག་གཉིས་ཡོད་པ་དང་། དེའི་ཁྲོད་ ཀྱི་ཁང་གྱན་ཆེན་པོ་ཞིག་ཏུ་བཟའ་ཆས་ཤའི་རིགས་དང་། གྲོ་ཕྱེ། གཡིས་སོགས་བཞག་འདུག དེ་མིན་ང་ཚོས་སྲན་མ་དང་། གྲོ། འབྲུ་རིགས་གཞན་དག་འཇོག་སའི་ཁང་པའང་མཐོང་ཐུབ།

བོད་ལ་སྲ་བརྟན་ཡིན་པའི་ཤིང་སྐས་འཛུགས་སྲོལ་མཆིས་ཤིང་། གུ་དོག་པའི་སྐས་རིམ་དེའི་འོག་ གི་ཁྱམས་རར་གསེག་ནས་འཐེན་ཡོད། དེའི་ཕྱོགས་གཉིས་སུ་སྔགས་ཡིག་དང་གསོལ་འདེབས་ཀྱི་ དཔར་ཡིག་མང་པོ་གཟུངས་འཇུག་བྱས་པའི་མ་ཎི་འཁོར་ལོ་མི་ཞིག་གི་མཐོ་ཚད་དང་ལྡན་པ་རེ་ འདུག ཐོག་ཁང་གི་རིམ་པ་རེ་ན་བགྲེས་མོ་ཞིག་གིས་མ་ཎི་འཁོར་ལོ་བསྐོར་བ་དེས་མ་གྱུར་ སེམས་ཅན་ཐམས་ཅད་དང་ལྷག་པར་དུ་གཞིས་བདག་འཕགས་ལྷ་ལགས་བདེ་བ་དང་ལྡན་པར་ སྨོན་ལམ་འདེབས་བཞིན་མཆིས།

ཐོག་ཁང་གི་ཉི་སྡིངས་འོག་ནི་རྟ་ར་ཡིན་པ་དང་། དེའི་རྒྱབ་ལོགས་ནི་བཟའ་རྩྭ་འཇོག་ས་ཡིན།

ང་ཚོས་ནམ་རྒྱུན་ཇ་དང་། ཁ་ཟས། སིལ་ཏོག་སོགས་འཇོག་ས་ནི་མཆོད་ཁང་དང་སྦྲེལ་བའི་ཁང་ མིག་ཞིག་ཡིན་ལ། གཞན་དང་མི་མཐུན་པ་ཞིག་ནི་དེའི་ཁང་སྒོ་བྱང་ལ་གཏད། རྒྱུན་ལྡན་དུ་བོད་ པས་ཁང་པ་བཀོད་སྒྲིག་བྱེད་སྐབས་ཆེས་ལེགས་པའི་ཁང་མིག་གང་ཐབས་ཀྱིས་ཤར་ལ་གཏོད་དོ།


ངོས་གཙོ། » བོད་ལྗོངས་ཀྱི་བཟོ་བཀོད། » སྔོན་མའི་སྐུ་དྲག་ཁྱིམ་བརྒྱུད་གཅིག་གི་་འཚོ་བའི་འགྲོ་སྟངས།
པར་གཞི་བོད་ལྗོངས་རིག་གནས་འཕེལ་རྒྱས་ཀུན་མཐུན་ཐེབས་རྩ་ལྷན་ཚོགས་(THF)ལ་དབང་།