![]() |
![]() |
![]() |
![]() |
བོད་ཀྱི་བཟོ་སྐྲུན་ངོ་སྤྲོད་མདོར་བསྡུས། |
![]() |
![]() |
![]() |
![]() |
![]() |
རྒྱུ་ཆ་དང་ལས་བཟོ། |
![]() |
སྲོལ་རྒྱུན་གྱི་བཟོ་བཀོད་ནི་བོད་ལྗོངས་ཀྱི་གྲང་ངར་དང་སྐམ་ཤས་ཆེ་བའི་གནམ་གཤིས། དེ་མིན་ས་ཡོམ་མང་བའི་ས་ཆར་འཚམས་པ་ཞིག་རེད། མ་མཐའ་ཡང་དུས་རབས་བདུན་པ་ནས་ད་ལྟའི་བར་ དུ། ལྷ་སའི་ཁང་པའི་ལས་བཟོའི་རྒྱུ་ཆ་ལ་འགྱུར་ལྡོག་ཆེན་པོ་བྱུང་མི་འདུགས་དེ་གར་རྡོ་ཆས་དང་། ཤིང་ ཆ།ས་རྣམས་རྩ་བའི་རྒྱུ་ཆ་ཡིན་ཞིང་། དེ་དག་གི་ངོ་བོ་མི་འདྲ་བ་ལ་བརྟེན་ནས་སྤྱོད་ཡུལ་ཡང་མི་འདྲ་བར་ བཀོལ་བཞིན་ཡོད། དཔེར་ན། རྡོ་ལེབ་ཁང་ཀླད་འགེབས་བྱེད་དུ་བཀོལ་པ་དང་། བརྩིགས་པར་བཀོལ། གཞི་ རྒྱུ་སྙི་བའི་ཤིང་ཆར་(སྦྱར་ཤིང་ལྟ་བུ།)་ཤིང་བརྐོས་རྒྱག་པ། གཞི་རྒྱུ་སྲ་བའི་ཤིང་ཆ་(ཐང་ཤིང་དང་སྟར་སྡོང་ ལྟ་བུ། )་གདུང་འདེགས་སོགས་གྲུབ་གཞི་བརྟན་པོར་བཟོ་བར་བཀོལ་བ་རེད། སྲོལ་རྒྱུན་གྱི་བོད་ལྗོངས་ཀྱི་བཟོ་བཀོད་ལ་ཁྱད་ཆོས་ཤིག་ཡོད་པ་ནི་གཞི་རྒྱུ་སྲ་མོར་ཆགས་པའི་གྱང་དེ་དག་ ཡིན་ངེས། གྱང་དེ་རིགས་ནི་ས་ཡོམ་སོགས་བྱུང་རུང་ཤིན་ཏུ་བརྟན་པོ་ཞིག་རེད། རྒྱུ་མཚན་ནི་གྱང་དེའི་ རྩ་བ་མཐུག་ཅིང་ཞེང་ཆེ་ལ་ཇེ་མཐོར་སོང་བ་དང་བསྟུན་ནས་ཞེང་ཇེ་ཆུང་དང་ཇེ་སྲབ་ཏུ་བཟོས་ཡོད་ཅིང་། གྱང་གི་ནང་ལོགས་ཀྱི་གཟུར་ཚད་ནི་ཤིན་ཏུ་དྲང་མོ་ཡིན། |
![]() |
![]() |
![]() |
![]() |
གྱང་རྟིང་ལ་མཚོན་ན། རྡོ་བ་རྨང་འདིང་བྱས་ནས་བཟོས་ཡོད་ཅིང་ཤིན་ཏུ་མཐུག་ལ་ཕལ་ཆེར་རྨིའུ་གཅིག་ ཙམ་གྱི་ཞེང་ཡོད། ཁང་བའི་ཡང་ཐོག་སོ་ཕག་བརྩིགས་ནས་བཟོས་པ་མང་ཞིང་། འབྱོར་ལྡན་ལ་ལས་ཐོག་ ཁང་ཧྲིལ་བོ་རྡོ་ཡིས་བཟོས་ཡོད། གྱང་ནི་ཕྱི་ནང་གི་ངོས་གཉིས་ཀྱི་བར་ལ་རྡོ་ཧྲུག་དང་། འདམ་བག སོག་ མ་སོགས་བརྫངས་ནས་ནང་སྙིང་གྲུབ་ཡོད། |
![]() |
![]() |
![]() |
![]() |
རྡོ་བརྩིག་རྒྱག་པར་གཟབ་ནན་ཡག་པོ་བྱེད་དགོས་བ་ཞིག་རེད། རྡོ་གྲུ་བཞི་མ་རིང་ཐུང་འདྲ་མཉམ་ཡིན་པ་ མང་པོ་ངོས་སྙོམས་པོར་ཨར་འདམ་གྱིས་མཚམས་སྦྱར་ནས་བརྩིགས་དགོས་ཤིང་། ལག་རྩལ་འདི་རིགས་ཀྱི་ ཞིབ་ཚགས་ཡོད་ས་ནི་རྡོ་ཧྲུག་རྡོ་སྲུབས་ལ་འཚམས་པོར་གསབ་རྒྱུ་དེ་རེད། དེ་ལྟར་གསབ་པས་འདར་ཡོམ་ རྒྱབ་པའི་གནས་ཚུལ་འོག་ཏུ་ཡང་མཁར་གྱང་ལ་མཉམ་ལྕུག་གི་རང་བཞིན་ལྡན་ཞིང་། མཁར་གྱང་གི་བརྟན་ བརླིང་ལའང་ཤུགས་སྣོན་བྱུང་ཡོད། གྱང་ཁ་ཆར་གྱིས་མི་ཞུ་བའི་ཆེད་དུ་རྡོ་ལེབ་དང་ཤིང་ལེབ་སོགས་ཀྱིས་ གུར་ལྟ་བུ་ཞིག་བཟོས་ཡོད། ཀ་བ་དང་གདུང་གིས་འདེགས་པའི་གནམ་གཅལ་ནི་གྱང་དང་དཀྱིལ་གདུང་གི་བར་དུ་འདམ་དང་རྡོ་ཧྲུག་ བརྟན་བྱེད་ཀྱི་ལྕམ་སྒྲིག་པ་ལས་གྲུབ། ཁང་སྟེང་ནི་སྲ་མོར་ཆགས་ཤིང་སྣུམ་བསྲེ་ཡོད་སའི་ཨར་ཀ་དང་། ཡང་ན་ཆུ་འཐིམ་བྱེད་ཀྱི་ཕྱེ་མས་བསྒྲིབས་འདུག གྱང་མཐུག་པོ་དང་གནམ་གཅལ་གྱིས་བོད་ལྗོངས་ཀྱི་གནས་གཤིས་ངན་པའི་འགྱུར་ལྡོག་ཁྲོད་ཚ་འགོག་གི་ ནུས་པ་ཆེན་པོ་ཐོན་བཞིན་ཡོད། |
![]() |
|
![]() |
|
![]() |
![]() ![]() ![]() |
![]() |
![]() |
པར་གཞི་བོད་ལྗོངས་རིག་གནས་འཕེལ་རྒྱས་ཀུན་མཐུན་ཐེབས་རྩ་ལྷན་ཚོགས་(THF)ལ་དབང་།
|