བོད་ལྗོངས་ལ་སྤུས་ཚད་ལེགས་པའི་སྒྱུ་རྩལ་ཅན་གྱི་དངོས་
རྫས་བཟོ་བའི་ལོ་རྒྱུས་རིང་མོ་ཡོད། དཔལ་འབྱོར་འཕེལ་
རྒྱས་དང་འཛམ་གླིང་རང་བཞིན་ཅན་དུ་འགྱུར་བ་དང་
བསྟུན་ནས་ལྷ་སའི་ཡུལ་སྐོར་དྲན་རྟེན་གྱི་དངོས་རྫས་ས་
ཁུལ་གཞན་དང་རྒྱལ་ཁབ་གཞན་དུའང་བཟོ་ཐུབ། ལྷ་སའི་གྲོང་བའི་ལག་བཟོས་
དངོས་རྫས་ཚོང་རའི་དཔལ་འབྱོར་ཁྲོད་དུ་འཕྲུལ་བཟོས་དངོས་རྫས་དང་འགྲན་
དཀའ་བར་འདུག དེ་བས་གསར་དུ་བྱུང་བའི་འཕེལ་རྒྱས་ཀྱི་ནུས་ཤུགས་ཀྱིས་ལག་
རྩལ་པའི་འཚོ་བ་ཇེ་དཀའ་སོང་། དེར་བརྟེན་ལག་ཤེས་གསར་པ་སྦྱོང་བའི་གོ་
སྐབས་སྤྲོད་དགོས་པ་དང་། ཡང་ན་ཁོ་ཚོའི་སྲོལ་རྒྱུན་གྱི་ལག་རྩལ་ཞིབ་ཕྲར་ལེགས་
བཅོས་བྱས་ཏེ། རང་དང་འཚམས་པའི་ཚོང་ར་འཚོལ་དགོས།
|