ལྷ་ས་གྲོང་ཁྱེར་ལས་གཞན་པའི་ཚན་པ།ལྷོ་སྟག་ལུང་དགོན་པ། |
ལྷོ་སྟག་ལུང་དགོན་པ།1998 - 1999ལོར། | |
|
|
|
![]() |
![]() |
|
![]() |
ཀླད་ཀྱི་གཡོན་ངོས།
ཆར་ཆུས་འཇིག་པའི་དུས་རབས་15པའི་ལྡེབས་རིས། ཀླད་ཀྱི་གཡས་ངོས། དབུས་ཀྱི་མཆོད་ཁང་གི་ལྷོ་ངོས་ཀྱི་ལྡེབས་རིས་ཀྱི་ རྣམ་པ་ཞིབ་མོ། གཡོན་ངོས། དབུས་ཀྱི་མཆོད་ཁང་གི་ཤར་ངོས་ཀྱི་ལྡེབས་རིས་ལ་ སྲུང་སྐྱོབ་བྱེད་བཞིན་པའི་འབུམ་རམས་པ་Eltgen། |
1999ལོར། བོད་ལྗོངས་རིག་གནས་འཕེལ་རྒྱས་ཀུན་མཐུན་ཐེབས་རྩ་ལྷན་ཚོགས་ཀྱི་སྲུང་སྐྱོབ་བཟོ་ལས་པ་སྒྲ་ཧུན་ ཧ་རེ་སུན་(John Harrison) དང་། ཤིང་བཟོ་ཆོས་མཆོཀ་ལགས་ལས་སྣེ་པ་རྣམ་རྒྱལ་ལགས་བཅས་ཀྱིས་དབུས་ ཀྱི་སདུ་ཁང་ལ་སྲུང་སྐྱོབ་བྱེད་ཆེད་ཐོག་ཡག་པོ་ཞིག་ཇུས་འགོད་བྱས་ནས་ཕུབ་པ་རེད། (དེའི་ཁྲོད་མང་ཆེ་ཤས་དུས་ རབས་15པའི་ལྡེབས་རིས་བཤམས་ཡོད། ) དེ་ནི་བོད་ཀྱི་སྲོལ་རྒྱུན་གྱི་རྒྱ་ཕིབས་ཇུས་འགོད་གཞིར་བྱས་ཏེ། འདུ་ཁང་གི་ཀླད་སྔོན་ལྟར་མཐུན་ཅིང་མཉམ་པོ་མ་ ཡིན་པར། རྒྱ་ནག་གི་སྲོལ་རྒྱུན་གྱི་ཁང་ཀླད་བཞིན་བཟོས་ནས། འོག་གི་ལྡེབས་རིས་ལ་ཆར་ཆུའི་གནོད་པ་མི་འོང་ པར་བཟོས་ཡོད། དགོན་པའི་ཉེ་འཁོར་གྱི་ཆུ་འབུད་མ་ལག་ཚང་མ་འང་ལེགས་བསྒྱུར་བྱས་ཏེ། ལྡེབས་རིས་ལ་འོག་ གི་བརླན་གཤེར་གྱིས་གནོད་པ་མི་འོང་བར་བཟོས་ཡོད། འཇར་མན་གྱི་བསྐྱར་གསོ་ཆེད་ལས་མཁས་པ་འབུམ་རམས་པ་ཡོ་ལེ་འེ་ཀུན་(Uli Eltgen)ལགས་ཀྱིས་དབུས་ཀྱི་ མཆོད་ཁང་ནང་གི་ལྡེབས་རིས་མར་བཀོག་པ་རྣམས་ཡང་བསྐྱར་བརྟན་པོར་སྦྱར་ཞིང་། ཤིང་བཟོ་བ་ཆོས་མཆོཀ་ ལགས་ཀྱིས་མཐའ་སྒྲོམ་བརྟན་པོ་བཟོས། ལས་ཚན་འདི་ནི་སྣ་དཀར་རྩེ་སྲིད་གཞུང་ཆོག་མཆན་ཐོབ་པའི་འོག་ལག་ བསྟར་བྱས་པ་ཡིན། |
||
ཕྱིར་ལོག་པ། |
རྒྱ་མ་མཆོད་རྟེན་དང་དགོན་པ། 1998 - 2000ལོར།རྒྱ་མ་ནི་ལྷ་སའི་ཤར་ཕྱོགས་ཀྱི་སྤྱི་ལེ་80ས་རུ་ཡོད་ཅིང་། དེ་ནི་
བཙན་པོ་སྲོང་བཙན་སྒམ་པོའི་འཁྲུངས་ཡུལ་རེད། དུས་རབས་ ལོ་རབས་60པའི་ནང་། རྒྱ་མ་མཆོད་རྟེན་གྱི་བང་རིམ་དང་ ཉི་ཟླ་གཏོར་མོད། གཞི་ད་དུང་ལུས་ཡོད། གཤེགས་ཟིན་པའི་ཧོ་ ཀུར་རོས་ཁྲ་ཏུ་སུན་(Hugh Richardson)གྱིས་བསྐྱོན་པའི་ འདྲ་པར་ལྟར་ན། མཆོད་རྟེན་གཞན་གཉིས་ཀྱང་གནས་འདིར་ ཡོད་ཀྱང་ད་ལྟ་མཐོང་རྒྱུ་མེད། གཤེགས་ཟིན་པའི་ཧོར་ཁང་ བསོད་ནམ་སྤེན་པ་དང་ཁོང་གི་བུ་འཇམ་དཔལ་བསྟན་དར་ གཉིས་ནས་མ་དངུལ་བཏང་སྟེ་ལོ་རབས་80པའི་དུས་མཇུག་ ལ་ཐེངས་དང་པོར་བསྐྱར་གསོ་བྱས། THFལ་མེ་དྲོ་ཀུན་དགའ་རྫོང་སྲིད་གཞུང་གི་ཆོག་མཆན་ཐོབ་ ནས་ཐིགས་ཆུ་འགོག་བྱེད་ལ་ཨར་ཀ་བཏིང་བ་དང་། པར་རྙིང་ ལྟར་མཆོད་རྟེན་གྱི་བང་རིམ་ལ་སོགས་བསྐྱར་བཟོ་བྱས་ཏེ་ཚན་ པ་མཇུག་རྫོགས། མཆོད་རྟེན་གྱི་ནང་གི་ཐེམ་སྐས་དང་བང་ རིམ་དུ་འཛེགས་བྱེད་ཀྱི་ཕྱིའི་ཐེམ་སྐས་གས་སྐྱོན་བྱུང་བ་དག་ ཀྱང་ཉམས་གསོ་བྱས། |
|
|
![]() བཟོ་སྐྲུན་མཇུག་རྫོགས་པ། |
||
ཕྱིར་ལོག་པ། |
ཆུ་ཤར་མཆོད་རྟེན། 1999ལོར།ངག་རྒྱུན་ལྟར་ན། གུ་རུ་རིན་པོ་ཆེ་ཡིས་དེ་གར་མཆོད་རྟེན་ཆེན་པོ་ཞིག་བཞེངས་ཏེ། ཡ་གླིང་གི་སངས་རྒྱས་ཆོས་ ལུགས་དར་བའི་ས་ཁུལ་གྱི་རིག་དངོས་ཚང་མ་ནང་དུ་གསོག་འཇོག་བྱས་པར་གྲགས། བྲག་ཁུང་དུ་བཞུགས་པའི་ ཇོ་མོ་རྣམས་ཀྱིས་མཆོད་མཇལ་པ་མང་པོ་མཆོད་མཇལ་དུ་ཡོང་ཆེད། མེད་པར་གྱུར་ཚར་པའི་མཆོད་རྟེན་འདི་ བསྐྱར་བཞེངས་གནང་འདོད་ཆེ། ཇོ་མོ་རྣམས་ཀྱིས་བསྡུ་ཉར་གནང་བའི་མ་དངུལ་ཧ་ཅང་ཉུང་བས་མཆོད་རྟེན་གྱི་རྨང་གཞི་ཙམ་ལས་བཞེངས་དཀའ་ བར་གྱུར། བོད་ལྗོངས་རིག་གནས་འཕེལ་རྒྱས་ཀུན་མཐུན་ཐེབས་རྩ་ལྷན་ཚོགས་ཀྱིས་ཇོ་མོ་རྣམས་ཀྱི་རེ་འདུན་ལ་ རྒྱབ་སྐྱོར་གནང་ཞིང་། མ་དངུལ་བཏང་སྟེ་མཆོད་རྟེན་བསྐྱར་བཞེངས་བྱ་རྒྱུར་ཐག་བཅད། བོད་ལྗོངས་རིག་གནས་ འཕེལ་རྒྱས་ཀུན་མཐུན་ཐེབས་རྩ་ལྷན་ཚོགས་ཀྱི་ལས་བཟོ་བ་རྣམསལྷོ་ཁ་ནས་ཡོང་པའི་བཟོ་པ་རྒན་པོ་ཞིག་གི་ སྣེ་ཁྲིད་འོག ཆུ་ཤུར་རྫོང་སྲིད་གཞུང་གི་ཆོག་མཆན་ཐོབ་པ་ལྟར། 1999ལོར་བསྐྱར་བཞེངས་ཀྱི་ལས་ཀ་ཡོངས་ སུ་འགྲུབ། འདིར་རྨ་སོད་འ་ཁེ་སུ་ཐིག་(Mathew Akester)ལགས་ཀྱིས་ལེ་ཚན་འདིར་གྲོས་འདོན་བྱས་པར་ ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། |
||
གསང་ཡག་བྲག་མཆོད་རྟེན།![]() |
![]() |
|
ཕྱིར་ལོག་པ། |
ངོས་གཙོ། » THFཡི་ལས་ཚན། » Projects Outside of Lhasa
|
པར་གཞི་བོད་ལྗོངས་རིག་གནས་འཕེལ་རྒྱས་ཀུན་མཐུན་ཐེབས་རྩ་ལྷན་ཚོགས་(THF)ལ་དབང་།
|