1997ལོ་ཚུན་ཆད་ཀྱི་ཆུ་དང་འཕྲོད་བསྟེན་སྐོར་གྱི་འཆར་གཞི།

འགོ་བརྗོད།
ཆུ་དང་འཕྲོད་བསྟེན་སྐོར་གྱི་ལས་ཀ།
ཇོ་ཁང་གི་འཕྲོད་བསྟེན་ལས་ཀ།
གོང་དཀར་ཆོས་སྡེ་ཆུ་འཐེན་རྒྱུའི་ཚན་པ།


འགོ་བརྗོད།

1997 ལོར་སྤྱི་ཚོགས་རྟོག་ཞིབ་བྱས་པ་ལྟར་ན། གྲོང་མི་མང་པོས་ ཆུ་དང་འཕྲོད་བསྟེན་སྐོར་ལེགས་བཅོས་བྱེད་རྒྱུ་རེ་བ་བཏོན་པར་ བརྟེན། THF ཡིས་ཆུ་འཐེན་རྒྱུ་དང་འཕྲོད་སྟེན་ཁང་འཛུགས་ རྒྱུ་དེ་མཁར་རྙིང་ཞིག་གསོ་ལས་ཚན་གྱི་གཙོ་ཤོས་སུ་བཞག ལྷག་ པར་དུ་འཐུང་ཆུ་ལ་དྲི་ངན་བྲོ་བས། གྲོང་མི་རྣམས་ཀྱི་ལུས་ཁམས་ ལ་གནོད་པ་བཟོས། ( THF ཡིས་རྟོག་ཞིབ་བྱས་པ་བརྒྱུད། འཐུང་ཆུ་དེ་ལུས་ལ་གནོད་པ་ཡོད་པ་ཁག་ཐག་བྱས། ) ལྷ་སའི་ འཐུང་ཆུ་དོ་དམ་ཁང་གིས་ཀྲུང་གོའི་ལུས་ཕུང་བདེ་ཐང་གི་ཚད་ གཞིར་གཞིར་བཟུང་ནས་རྨེའུ་དྲུག་ཅུ་འོག་ནས་ཆུ་ལེན་པ་དང་། ཆུ་དེ་ལ་དག་གཙང་བྱས་པ་བརྒྱུད་ད་གཟོད་འཐུང་ཆུར་སྤྱོད་པར་ བཟོས།

 

Old Post Office

Out of Lhasa
Jokhang Sewer  

THFདང་ལྷ་སའི་འཐུང་ཆུ་དང་ཙོག་ཆུ་དོ་དམ་ཁང་མཉམ་སྦྲེལ་བྱས་ཏེ། ཁྱམས་ རར་རང་འབབ་ཆུ་བཙུགས་པ་དང་། སྔོན་གྱི་གསང་སྤྱོད་ཁང་གི་ཆུ་ལམ་གྲོང་ཁྱེར་ གྱི་ཆུ་འབུད་སྦུ་གུ་དང་སྦྲེལ་བ། ཆུ་འབུད་སྦུ་གུ་གསར་པ་བཙུགས་པ་སོགས་ནི་ གྲོང་མི་རྣམས་ས་གཙང་ལུས་བདེ་ཡི་འཚོ་བའི་ཁོར་ཡུག་ཞིག་སྐྲུན་ཆེད་ཡིན། འདི་ ལས་གཞན། THFཡིས་འཕྲོད་བསྟེན་རིག་པའི་འཛིན་གྲྭ་ཞིག་རྩ་འཛུགས་བྱས་ཏེ། དེའི་ནང་གི་སློབ་མ་གྲོང་ཁྱེར་གང་སར་མངགས་ནས་འཐུང་ཆུ་དང་མི་སྒེར་གྱི་ གཙང་སྦྲ་ལ་དོ་སྣང་བྱས་པ་བརྒྱུད་དེ་ནད་སྣ་ཚོགས་འགོག་ཐབས་ཀྱི་སློབ་གསོ་ བཏང་། ལྷ་སའི་སྦྲག་ཁང་རྙིང་པའི་འཐུང་ཆུ་དང་། ཁྱམས་ར། ཆུ་འབུད་ཡུར་བུ།


New WatertapTHFཡིས་སྦྲག་ཁང་རྙིང་པའི་གར་སྙིགས་དང་ས་ལྷག་ རྣམས་ཕྱི་ལ་སྐྱེལ་པ་དང་། སྤྱི་སྤྱོད་ཀྱི་རང་འབབ་ཆུ་ གཉིས་བཙུགས་ནས་ཆུ་འབུད་ཡུར་བུ་དང་སྦྲེལ་བ། འདི་ཡིས་སྦྲག་ཁང་དང་ཉེ་འཁོར་གྱི་མི་230ལ་བཀོལ་ བདེ་པོ་བཟོས་ཡོད། གཞན་ཡང་གྲོང་མི་དང་THFཡི་ ལས་བྱེད་མི་སྣར་འཕྲོད་བསྟེན་སྐོར་གྱི་སློབ་གསོ་ བཏང་།


Sanitation Educationལྷ་སར་འཐུང་ཆུ་ལས་བྱུང་པའི་ནད་དང་། ལྷག་ པར་དུ་མཆིན་ནད་འགོས་པའི་ནད་པ་ཤིན་ཏུ་ མང་། ཆུ་དང་འཕྲོད་བསྟེན་གྱི་ལས་ཀ་རྫོགས་ རྗེས། THFཡི་འཕྲོད་བསྟེན་སློབ་གསོའི་ལས་ བྱེད་མི་སྣ་གཉིས་ཀྱིས་གྲོང་མི་མང་པོར་འཕྲོད་ བསྟེན་སྐོར་གྱི་བསླབ་བྱ་བསྩལ། བསླབ་བྱའི་ནང་ དོན་ལ་ནད་ཀྱི་འབྱུང་རྐྱེན་དང་། འགོས་ཁོངས། འགོག་ཐབས། འོས་མཚམས་ཀྱི་བདག་སྐྱོང་། གསང་སྤྱོད་ཁང་དང་རང་འབབ་ཆུའི་གཙང་སྦྲ་ རྒྱུན་འཁྱོངས་བྱེད་རྒྱུ་སོགས་མང་པོ་འདུས། 1999ལོར་བླངས་པའི་པར་འདིའི་ནང་དུ་ལས་བྱེད་མི་སྣས་THFནས་ བཟོས་པའི་ཕྲ་རེགས་མཐོང་ཆས་སྤྱད་དེ་ནད་རིགས་ལ་རྟོག་དཔྱོད་བྱེད་བཞིན་པ། འཛིན་གྲྭ་འདི་ལ་ཞུགས་རྗེས་ གྲོང་མི་མང་པོས་འཕྲོད་བསྟེན་སྐོར་གྱི་ཤེས་བྱ་མང་པོ་ཤེས་རྟོགས་བྱུང་བར་དགའ་པོ་བྱེད་ཀྱིན་ཡོད། དེ་ལས་གཞན་
THFཡི་ལས་བྱེད་མི་སྣ་270ལའང་ཆེད་དུ་འཕྲོད་བསྟེན་སྐོར་གྱི་སློབ་གསོ་བཏང་།


ཕྱིར་ལོག་པ། | ངོས་འོག་མ།

ངོས་གཙོ། » THFཡི་ལས་ཚན། » ཆུ་དང་འཕྲོད་བསྟེན་སྐོར་གྱི་འཆར་གཞི།
པར་གཞི་བོད་ལྗོངས་རིག་གནས་འཕེལ་རྒྱས་ཀུན་མཐུན་ཐེབས་རྩ་ལྷན་ཚོགས་(THF)ལ་དབང་།