![]() |
ངོ་སྤྲོད་མདོར་བསྡུས། |
![]() |
ལྷ་སའི་ཡིག་ཚགས་ཚན་པ་ནི་1993ལོར་འགོ་བཙུགས་ཤིང་། ལྷན་ཚོགས་འདིའི་གཉེར་བྱ་གཙོ་བོ་ནི་ད་ལྟ་
འགྱུར་ལྡོག་ཆེན་པོ་འབྱུང་བཞིན་པའི་ལྷ་སའི་གྲོང་རྙིང་གི་ཕྱོགས་ཡོངས་ལ་ཞིབ་འཇུག་དང་ཟིན་ཐོ་འགོད་རྒྱུ་
དེ་ཡིན།སྐབས་དེའི་བསྡོམས་རྩིས་ལྟར་ན་ལོ་རྒྱུས་རང་བཞིན་གྱི་བཟོ་བཀོད་400ལྷག་ཡོད། ཡིན་ཡང་
THFནི་ཚན་པ་འདིའི་དོན་དུ་བཙུགས་པ་ཞིག་ཡིན། འདིའི་དམིགས་ཡུལ་ནི་ལྷ་ས་གྲོང་ཁྱེར་སྲིད་གཞུང་དང་ མཉམ་ལས་བྱས་ཏེ་གོམ་གང་མདུན་སྤོས་སྒོས་ལྷ་སའི་འཕེལ་རྒྱས་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཡིན། 1996ལོ་ ནས་བཟུང་། THFདང་ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས་གྲོས་ཆིངས་རབ་དང་རིམ་པ་བཞག་པ་ཡིན། གྲོང་ ཁྱེར་སྲིད་གཞུང་དང་མཉམ་འབྲེལ་ངང་ལོ་རྒྱུས་ལྡན་པའི་བཟོ་བཀོད་སླར་གསོ་དང་རྨང་གཞིའི་སྒྲིག་ཆས་ འཛུགས་སྐྲུན་གྱི་འཆར་གཞི་ལག་ལེན་དུ་བསྟར་ཏེ་མཇུག་མཐར་ལྷ་སའི་མཁར་རྙིང་སླར་གསོ་བྱེད་རྒྱུ་དེའོ། THFཡིས་བལྟས་ན། ལོ་རྒྱུས་རང་བཞིན་གྱི་འདུས་སྡོད་ལྟེ་གནས་འདི་དག་ལ"གཅོང་ནད"ཅིག་ཕོག་ཡོད་པ་ ནི། གནའ་བོའི་བཟོ་བཀོད་རིམ་བཞིན་རྙིང་རུལ་དུ་སོང་ཞིང་། མིས་གཏོར་བཤིག་ཐེབས་ཡོད་པ་མ་ཟད། དེ་ལ་གཟུངས་རྒྱུན་གྱི་རྣམ་ཤེས་མེད་པའི་བཟོ་བཀོད་གསར་པས་ཚབ་བྱས་(ལྷ་སར་མཚོན་ན་འདི་དག་ནི་ བཟོ་བཀོད་རྙིང་པ་དང་འདྲ་བར་སྒྲ་འགོག་ནུས་པ་ཞན་ལ། དྲོད་གཏོང་ཆས་དང་ཆུ་འདྲེན་ཆས་ཀྱང་མེད་ པས་མི་རྣམས་ཀྱི་འཚོ་བ་སྟབས་བདེ་པོ་མེད)། གལ་ཏེ་གནའ་གྲོང་འདི་དུས་ཡུན་རིང་པོར་ལྷད་མ་ཞུགས་པ་ དང་། དངོས་འབྲེལ་གསོན་ཉམས་དང་སྤྲོ་སྐྱེད་ལྡན་པའི་ས་ཁུལ་ཞིག་ཏུ་སྲུང་དགོས་ན། གཅོང་ནད་རྩ་ འཇོམ་གྱི་"སྨན"བཟང་གིས་བཅོས་དགོས་པས། གསོ་དཔྱད་མཐུ་མཁན་"བཟོ་བཀོད་སྨན་པ"ཞིག་དགོས། (འདི་ནི་ཨོ་ཏེ་ལེ་བཟོ་བཀོད་པ་ཧེང་ཏེ་ཐེ་ཝ་སུ་གྱིས་གསུངས) ཕན་ནུས་ལྡན་པའི་སྒོས་གསོ་བཅོས་བྱེད་ཆེད། "སྨན་"པས་གནའ་གྲོང་གི་འཚོ་བའི་སྐྱེལ་སྟངས་དང་གོམས་སྲོལ། འཕེལ་ཕྱོགས། རེ་འདུན་སོགས་ལ་རྒྱུས་ ངེས་ཅན་ཞིག་ ལོན་དགོས། "སྲུང་སྐྱོབ"ནི་སྟབས་བདེའི་ངང་ཆེས་མཛེས་ཤིང་གལ་ཆེ་བའི་ལོ་རྒྱུས་རང་ བཞིན་གྱི་བཟོ་བཀོད་གཏན་འཁེལ་བྱས་ཏེ། དེ་དག་དངོས་མང་བཤམས་སྟོན་ཁང་དུ་བསྒྱུར་བ་དང་། དེ་ དག་ཚོང་ལས་ཐོག་འཕེལ་རྒྱས་འགྲོ་ཆེད་གཞན་པ་ཚང་མ་མེད་པར་བཟོ་བ་ཞིག་མིན། བཟོ་བཀོད་ཆེ་ཆུང་ དང་གནད་ཆེ་མིན། གཙང་བཙོག་སོགས་གང་འདྲ་ཞིག་ཡིན་ཡང་། ཁོངས་མི་དེ་ཚོ་ཚང་མར་རང་རང་གི་ ལོ་རྒྱུས་གོ་གནས་རེ་དང་རང་སོར་ནུས་པ་རེ་ལྡན་པའི་ས་ཁུལ་དེའི་ཆ་ཤས་ཤིག་ཡིན་པར་བརྟེན། གྲོང་ ཁུལ་གྱི་མ་དངུལ་འདྲ་མཉམ་སྒོས་བཟོ་བཀོད་རྙིང་པ་ཉམས་གསོ་དང་གཞུང་ལམ་གྱི་འཛུགས་སྐྲུན་ཀུན་ལ་ བཀོལ་དགོས། དེ་ལྟར་བྱས་ཚེ་སྡོད་དམངས་ཐམས་ཅད་ཀྱི་ཁེ་ཕན་ལ་ཕན་ངེས་ཡིན། འདིར་སྡོད་ཀྱི་མི་དམངས་ཀྱང་ཁོ་ཚོའི་ཉེ་འཁོར་གྱི་བཟོ་བཀོད་དང་འདྲ་བར་གལ་ཆེན་ཡིན་ཏེེ། ཁོང་ཚོ་ཡོད་ པས་ད་གཟོད་གྲོང་ཁུལ་དང་བཟོ་བཀོད་ཁྲོད་དུ་སྤྲོ་སྐྱིད་ཀྱི་འདུ་ལོང་གཡོ་ཞིང་གསོན་ཉམས་ལྡན། དེར་བརྟེན་ མཁར་རྙིང་གི་མི་རྣམས་ཀྱི་འཚོ་བའི་གོམས་སྲོལ་ལ་ངེས་པར་དུ་སྲུང་སྐྱོབ་བྱེད་དགོས་ཤིང་། ལྗོངས་རྒྱུ་པར་ མཚོན་ནའང་མཐོང་འདོད་པ་ནི་ལྷད་ཀྱིས་མ་ཞུགས་པའི་རང་བྱུང་གི་འཚོ་བའི་གོམས་སྲོལ་དེ་ཡིན་པ་ལས་ སྟོང་ལྷང་ལྷང་གི་བཤམས་སྟོན་ཁང་མང་པོ་ཞིག་མིན་པ་སྨོས་མ་དགོས་སོ།
གྲོང་ཁྱེར་ནི་ཇུས་འགོད་པ་དང་སྲིད་གཞུང་གི་འགོ་ཁྲིད་པས་སོ་སོ་ནས་གང་དྲན་གྱིས་བཟོས་པ་ཞིག་མིན་ པར། དེའི་སྡོད་དམངས་དང་བཟོ་བཀོད། ལོ་རྒྱུས་བཅས་ལས་གྲུབ་པ་མ་ཟད། དེ་ཚོ་ཐམས་ཅད་ནམ་ཡང་ འཕེལ་འགྱུར་བྱེད་བཞིན་པ་ཞིག་ཡིན། THFཡིས་ལྷ་ས་རྨང་གཞི་བྱས་ཏེ་འཆར་འགོད་བྱས་པ་སྟེ། མཁར་ རྙིང་སླར་གསོ་བྱས་ནས་མི་རྣམས་དེར་སྡོད་དུ་འཇུག་པ་དང་ལྷན་ཅིག་ལྗོངས་རྒྱུ་བ་དག་འདིར་ཕེབས་ན་ སྤྲོ་བ་འཕེལ་ཞིང་སྨོན་སྣང་སྐྱེ་བ་ཞིག་ཡོང་ཐབས་བྱེད་པ་དེ་ཡིན། |
![]() |
སྲུང་སྐྱོབ་ཁུལ་གྱི་གཞི་སྒྲོམ། |
![]() |
གནས་ཚུལ་དང་དགོས་མཁོ་མི་འདྲ་བ་ལ་ཉམས་གསོ་དང་སྲུང་སྐྱོབ་བྱེད་སྟངས་་མི་འདྲ་བ་བཀོལ་དགོས། གནའ་ཤུལ་ལམ་ལོ་རྒྱུས་ལྡན་པའི་བཟོ་བཀོད་དེ་ལྗོངས་རྒྱུ་བས་མཇལ་ཆོག་པའི་བཤམས་སྟོན་ཁང་ཏུ་བསྒྱུར་ ནས་ སྲུང་སྐྱོབ་བྱེད་དགོས། དངོས་མང་བཤམས་སྟོན་ཁང་ལྟ་བུར་སྲུང་སྐྱོབ་བྱེད་པའི་ཐབས་འདི་ནི་གནའ་ བོའི་གནས་ཤུལ་དང་སྔ་རབས་ཀྱི་མཁར་རྫོང་སྲུང་སྐྱོབ་བྱེད་པར་བཀོལ་འོས། ཡིན་ཡང་སྤྱིར་བཏང་གི་མི་ སེར་འདུག་སའི་གྲོང་ཁྱེར་ནང་དུ་སྲུང་སྐྱོབ་བྱེད་པར་ཐབས་ལམ་ཐུན་མོང་མ་ཡིན་པ་སྟེ་མི་སེར་གྱི་དགོས་ མཁོར་མནོ་བསམ་བཏང་ཡོད་པའི་ཐབས་ལམ་ཞིག་སྤྱོད་དགོས། ལག་རྩལ་ཐད། ང་ཚོས་ངེས་པར་དུ་ དགོས་མཁོ་གཞིར་བཟུང་སྟེ་ཉམས་གསོའི་ལག་རྩལ་དང་རྨང་གཞིའི་སྒྲིག་ཆས་ལེགས་བཅོས་ཀྱི་ལག་རྩལ་ འོས་འཚམ་ཞིག་སྤྱོད་དགོས་པ་མ་ཟད། དགོས་མཁོར་གཞིགས་ནས་སོ་སོར་ཐག་གཅོད་བྱེད་སྟངས་དང་ ལག་རྩལ་གསར་པ་འདོན་སྤེལ་བྱེད་དགོས། འབྲེལ་ཡོད་སྲིད་གཞུང་ལས་ཁུངས་ལ་སྲུང་སྐྱོབ་དང་ཉམས་ གསོའི་ཁོངས་སུ་བཅུག་པའི་བཟོ་བཀོད་ཀྱི་ཐིག་རིས་ཡིག་ཆ་ཆ་ཚང་མཁོ་སྤྲོད་བྱེད་དགོས། THFཡི་ལྷ་སའི་མཁར་རྙིང་ཉམས་གསོའི་ལས་ཚན་འཆར་འགོད་རྩ་དོན་དུ། ཆེས་དཔེ་མཚོན་རང་བཞིན་ ལྡན་པ་ནི་འཇར་མན་ལུགས་ཀྱི་"behutsams Stadtemeuerung"(གཟབ་ནན་གྱིས་གྲོང་ཁྱེར་སླར་ གསོ་བྱེད་པའི་)དཔེ་དབྱིབས་དེ་ཡིན་ཞིང་། དེ་ནི་བོད་ཀྱི་གནས་ཚུལ་དངོས་དང་མཐུན། འཇར་མན་དཔེ་ དབྱིབས་ནང་དེང་རབས་གྲོང་ཁྱེར་དུ་ལོ་རྒྱུས་དོན་སྙིང་ལྡན་པའི་ས་ཁུལ་སོར་བཞག་བྱེད་རྒྱུར་དོ་སྣང་བྱེད་ ལ། སྔར་གྱི་བཟོ་བཀོད་རང་འཇགས་སུ་འཇོག་རྒྱུར་དེ་བས་དོ་སྣང་བྱེད། མི་དམངས་ཀྱི་དགོས་མཁོ་སྐོང་ ཆེད་རྨང་གཞིའི་སྒྲིག་ཆས་ཇེ་ལེགས་སུ་གཏོང་རྒྱུར་ཡང་དོ་སྣང་བྱེད་ཀྱི་ཡོད། གྲོང་མིས་བློ་ལ་འབབ་ཅིང་ འཆར་འགོད་པའི་འདུན་པ་མཚོན་པ་ཞིག་བྱེད་དགོས། ལག་ལེན་ཞིབ་ཕྲ་བྱེད་རྒྱུའི་ཐད། ས་ཁུལ་ཅུང་ཆེ་ བ་རྣམས་རིགས་མི་འདྲ་བའི་སྲུང་སྐྱོབ་ས་ཁུལ་དུ་བགོས་ཤིང་། ཁྲིམས་ལུགས་བཙུགས་ནས་ཚོང་གཉེར་ཁུལ་ དང་གཞུང་ལས་ཁུལ་ལ་འགྱུར་ཉེན་ཡོད་པའི་ཁང་པའི་སྡུར་ཚད་ཚོད་འཛིན་ནན་པོ་བྱེད་པ་དང། ས་ཁུལ་ ཡོངས་ཀྱི་ཆ་རྐྱེན་ཇེ་ལེགས་སུ་སོང་བས་ས་རིན་ཇེ་མཐོར་འགྲོ་སྲིད་ཀྱང་། ཁང་གླར་ཚོད་འཛིན་བྱེད་པར་ བརྟེན་སྔར་གྱི་སྡོད་མི་རྣམས་རང་འཇགས་དེར་གཞི་སྡོད་བྱེད་ཐུབ། ཚོང་ལས་འཕེལ་རྒྱས་ཀྱིས་ས་འདིར་ མ་དངུལ་ནང་འདྲེན་བྱེད་ཐུབ་སྲིད་ཀྱང་། ལོ་རྒྱུས་དོན་སྙིང་ལྡན་ཞིང་སྒྲིག་གཞི་ཞན་པའི་ས་ཁུལ་རྙིང་པ་ རྣམས་སུ་ཚོང་ལས་འཕེལ་རྒྱས་སུ་འགྲོ་བ་དང་བསྟུན་ནས་གནོད་སྐྱོན་ཐེབས་པར་ངེས་པར་དུ་ཚོད་འཛིན་ བྱེད་དགོས། ཡོ་རོབ་གླིང་དུ། སྲུང་སྐྱོབ་ཀྱི་གོ་དོན་རྒྱ་ཆེ་བ་མ་ཟད་ཞིབ་ཕྲ་ཡིན་པ་དཔེར་ན། སྒེའུ་ཁུང་གི་ ཁ་དོག་དང་ཆེ་ཆུང་། བརྡ་ཁྱབ་ལ་སྤྱོད་པའི་རྒྱུ་ཆ་དང་ཁོར་ཡུག་སྲུང་སྐྱོབ་བྱེད་རྐྱེན་སོགས་ལྟ་བུའོ། ལྷ་སར་THFཡིས་གཏོར་སྐྱོན་ཐེབས་མེད་རུང་མྱུར་སྐྱོབ་བྱེད་དགོས་པའི་ལོ་རྒྱུས་རིང་སོ་ལྡན་པའི་བཟོ་ བཀོད་དང་འདུས་གནས་ཆེ་བའི་ས་ཁུལ་རྣམས་གཙོ་བོར་སྲུང་སྐྱོབ་བྱེད་ཀྱི་ཡོད། THF་ཡིས་དངོས་ཡོད་ གནས་ཚུལ་ལ་གཞིགས་ནས་དབུས་དཀྱིལ་ས་ཁུལ་དུ་སྲུང་སྐྱོབ་དཔེ་མཚོན་ས་ཁུལ་ཞིག་བཙུགས་ཏེ། ང་ཚོས་ ས་ཁུལ་དེའི་སྡོད་དམངས་དང་སྲིད་གཞུང་ལ་མཉམ་འབྲེལ་བྱས་ནས་ཉམས་གསོའི་ལས་ཚན་དང་རྨང་ གཞིའི་སྒྲིག་ཆས་ལེགས་བཅོས་ཀྱི་འཆར་འགོད་བྱས་པ་མ་ཟད་ལག་བསྟར་ཡང་བྱས་པར་བརྟེན། གྲོང་རྙིང་ ས་ཁུལ་གཞན་པའིི་ཉམས་གསོའི་ལས་ཀར་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཐེབས། THF་ཡིས་བརྩོན་ ཤུགས་ཆེན་པོས་སྲུང་སྐྱོབ་ས་ཁུལ་དང་པོ་(བར་སྐོར)འཛུགས་སྐྲུན་བྱེད་ཞོར་དུ། སྲིད་གཞུང་ལ་ ལོ་རྒྱུས་ ཀྱི་བཟོ་བཀོད་གཞན་དག་ལ་སྲུང་སྐྱོབ་དང་། མ་མཐར་ཡང་བཟོ་བཀོད་གལ་ཆེན་དེ་དག་ལ་སྲུང་སྐྱོབ་གང་ ཐུབ་བྱེད་དགོས་པའི་གྲོས་འགོ་བཏོན། དེར་བརྟེན་THF་ཡིས་གྲོང་ཁྱེར་ནང་གི་ས་ཆ་མང་པོའི་ཡིག་ཚགས་ ལེགས་སྒྲིག་དང་ཞིབ་འཇུག་བྱས་ཐོག སྐབས་བསྟུན་གྱིས་མྱུར་སྐྱོབ་ལས་ཀ་འཆར་འགོད་དང་ལག་བསྟར་ བྱས་པ་ཡིན། |
![]() |
བོད་ཀྱི་རིག་དངོས་སྲུང་སྐྱོབ་ཀྱི་སྲོལ་རྒྱུན་འདུ་ཤེས། |
![]() |
བོད་ཀྱི་སྲོལ་རྒྱུན་ལྟར་ན་ཆེས་གལ་ཆེ་བའི་བཟོ་བཀོད་རང་སོར་འཇོག་པ་དཔེར་ན་ཆོས་ལུགས་ཀྱི་ལྡེབས་ རིས་དང་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་བཟོ་བཀོད་སོགས། སྤྱིར་བཏང་གནས་ཚུལ་འོག་ཏུ་ (ལྷ་ཁང་དང་ སྡོད་ཁང་སོགས་) ཉམས་གསོ་བྱེད་དགོས་ཚེ། མི་རྣམས་ཀྱིས་དེའི་ཁྲོད་ཀྱི་ཁག་ཅིག་བསྐྱར་བཞེངས་བྱེད་ ཅིང་། དེ་ཡང་ཆ་ཤས་ཤིག་དེང་རབས་ཀྱི་ཁྱད་ཆོས་དང་མཐུན་པར་བཟོ་བཅོས་རྒྱག་ངེས་ཡིན། སྲུང་སྐྱོབ་ ཀྱི་འདུ་ཤེས་ལ་ད་བར་དུ་འགྱུར་བ་ཆེན་པོ་བྱུང་མེད། སྐབས་འགར་མི་རྣམས་ཀྱི་ཉམས་གསོའི་དམིགས་བྱ་ ལེགས་ཀྱང་བསྐྱར་སྐྲུན་བྱེད་སའི་བཟོ་བཀོད་ཀྱི་སྒྱུ་རྩལ་དང་ལོ་རྒྱུས་ཀྱི་གནས་ཤུལ་ལ་དོ་སྣང་མ་བྱུང་པས་ ཉམས་ཆག་ཏུ་གྱུར་པའི་སྣང་ཚུལ་འདུག དུས་རབས་ཉི་ཤུ་པའི་ལོར་རབས་དྲུག་ཅུའི་ནང་བོད་དུ་ལོ་རྒྱུས་བཟོ་བཀོད་མང་པོ་གཏོར་བརླགས་བཏང་ བར་བརྟེན། ང་ཚོས་ངེས་པར་དུ་ད་ཡོད་ཀྱི་རྩ་ཆེ་བའི་ལོ་རྒྱུས་བཟོ་བཀོད་རྣམས་སྲུང་སྐྱོབ་ཡག་པོ་བྱེད་ དགོས། ད་ལྟ་ང་ཚོས་དེ་དག་དང་དེ་དག་གི་ཡིག་ཚགས་བསྡུ་སྒྲིག་ཞིབ་འཇུག་ཟབ་མོ་བྱས་ཏེ། སྔོན་ཆད་ སྤྱད་པའི་ལག་རྩལ་དང་དཔྱད་གཞིའི་ཡིག་ཆར་ངོས་འཛིན་ཇེ་ཟབ་ཏུ་བཏང་ནས་དེ་དག་གལ་ཆེ་བའི་ བདེན་དཔང་བྱས་ཏེ་ཉར་ཚགས་བྱེད་དགོས། མིག་སྔར་ང་ཚོས་སྟ་གོན་ཡག་པོ་བྱུང་མེད་ཐོག ལག་རྩལ་ དང་རྒྱུ་ཆ་ཚང་མ་འཛོམས་མེད་པའི་གནས་ཚུལ་འོག་ཏུ། ཐོག་མར་ང་ཚོས་ངེས་པར་དུ་ཞིབ་འཇུག་གཏིང་ ཟབ་བྱས་རྗེས་ད་གཟོད་ཉམས་གསོའི་བྱ་བ་སྤེལ་དགོས། གཞན་ཡང་། བཟོ་སྐྲུན་མང་ཆེ་བ་གཞུང་གཉེར་རམ་སྒེར་གཉེར་ཨར་ལས་ཀུང་སིས་འགན་འཁུར་ལ། ལ་ ལས་རིན་གོང་ཅུང་དམའ་བ་དང་བརླག་སླ་བའི་ རྒྱུ་ཆ་གསར་པ་(དཔེར་ན་ཨར་འདམཱ>ྛཀ྄ཻ༽ཤཌྱ྄ཽ༽ཅབཽ7༽ ན༽ཏཕ༄༅ང ཕྲཽཏ༽ཨྛྱཱད༽ཅྱ༧༽ཏཅ༽ཨ༠ཏ༽ཐ7༽ནཽ༽ཀ྄ཻ༽ཤཌྱ྄ཽ༽ཅབཽ7༽ཅ༧༽ཐ྄ཻ༄༅ང ྄༽ཧ༨༽7༽ཱཽཕ༽ཕྲཽཏ༽ཨྛྱཱད༽ཅྱ༧༽ཏཅ༽ཨ༠ཏ༽ ཨ)ཐཕ༽ཀཤ༢ྱཔ༽ཤཌཻཏ༽྄7༽ཏཻཅཕ༽ཀཁཽཕ༽ཀྱཕ༽བཻ༽྄ཐ༧ཅཕ༽ཀཕཏ༽ཅྱ༧༽ཀཡཽ༽ཀཉ྄ཽ༽(དཔེར་ན། ཉམས་གསོའི་ལས་ ཚན་དང་སྤུས་ཚད་མཐོ་བའི་བཟོ་བཀོད་གསར་པ)་ཏུ་བཀོལ་སྤྱོད་བྱེད་དགོས། ལྷ་ས་དེང་རབས་ཅན་གྱི་ལམ་དུ་སྐྱོད་པ་ལ། སྐྱིད་ཆུ་བཞུར་ཡུལ་འདི་རུ་འཕེལ་རྒྱས་ཀྱི་ཁོང་གསེང་ཆེན་ པོ་འདག མཁར་རྙིང་གི་རྒྱ་ཁྱོན་ཅུང་ཆུང་ཡང་(མིག་སྔར་ཕལ་ཆེར་གྲོང་ཁྱེར་གྱི་3%ཟིན) རིག་གནས་ དང་ལོ་རྒྱུས་ཀྱི་རིན་ཐང་ཧ་ཅང་ཆེ་བའི་གནའ་བོའི་བཟོ་བཀོད་འདི་དག་གིས་རྒྱལ་སྤྱིས་ཁས་ལེན་པའི་ སྲུང་སྐྱོབ་བྱེད་ཐབས་ ནང་འདྲེན་བྱེད་པ་ལ་ཆ་རྐྱེན་ཕུན་སུམ་ཚོགས་པ་བསྒྲིགས། |
![]() |
མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མཛུབ་སྟོན་རྩ་དོན། |
![]() |
མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་གཉེར་བྱ་གཙོ་བོ་ནི། རིག་དངོས་ སྲུང་སྐྱོབ་ལ་རྒྱལ་སྤྱིས་ཁས་ལེན་པའི་རྩ་དོན་གྱི་སྤྱི་ཁོག་ཞིག་མཁོ་སྤྲོད་བྱེད་རྒྱུ་དེ་ཡིན། རྩ་དོན་དེ་མཉམ་ འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་བཅར་འདྲི་ཚོགས་པ་རྒྱལ་སྤྱིའི་གནའ་ ཤུལ་ལས་འཛིན་ལྷན་ཚོགས་ཀྱིས་དང་ལེན་བྱས་པས། དེ་ནི་ལོ་རྒྱུས་རང་བཞིན་ལྡན་པའི་གྲོང་ཁྱེར་སླར་ གསོ་བྱེད་པའི་རྩ་ཁྲིམས་ཡིན། ང་ཚོས་སྙིང་ཐག་པ་ནས་དེར་ཡིད་མཐུན་བྱེད་ཀྱི་ཡོད། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་བཅར་འདྲི་ཚོགས་པ་གཞན་ཞིག་ ICCROMཡི་རིག་དངོས་སྲུང་སྐྱོབ་ཀྱི་དཔྱད་བསྡུར་རྩ་དོན་གཞིར་བཟུང་ན། མི་རྣམས་ཀྱིས་གནའ་རྫས་ ཐོན་ཁུངས་ཐག་གཅོད་བྱེད་དུས་ངེས་པར་དུ་གོ་རིམ་གཙོ་བོ་བཞི་བརྒྱུད་ནས་དེའི་ཐོན་ཁུངས་ཀྱི་རིན་ཐང་ ལ་དཔྱད་དགོས་པ་མ་ཟད། ཤུལ་རྫས་རྩ་ཆེན་དེ་དག་ནི་སྤྱི་ཚོགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་གོ་ རྟོགས་དང་རྟོག་དཔྱོད་ཀྱི་ནུས་པ་ཆེ་རུ་གཏོང་དགོས། གོ་རིམ་འདི་གཤམ་གྱི་ཁག་བཞི་རུ་བགོས་ཡོད། ཐིག་འཇལ་བ། དེའི་ལོ་རྒྱུས་རྒྱབ་ལྗོངས་དང་ཁོར་ཡུག་དངོས་གཞིར་བཟུང་ནས་ཐིག་འཇལ་དང་ཟིན་ཐོ་འགོད་པ། རིན་ཐང་འབེབས་པ། ལོ་རྒྱུས་ཀྱི་ངོས་ནས་ས་གནས་དེར་རིན་ཐང་ཕབ་ནས་དེའི་གལ་ཆེན་རང་བཞིན་གཏན་འཁེལ་བྱེད་རྒྱུ། དབྱེ་ཞིབ་བྱེད་པ། རིག་དངོས་སྲུང་སྐྱོབ་བྱེད་པའི་ངོས་ནས་དམིགས་འབེན་དང་རྒྱུ་ཆ། གྲུབ་ཆའི་མ་ལག་སོགས་ལ་ཚན་ རིག་གིས་དབྱེ་ཞིབ་བྱེད་པ། འཆར་གཞི་འགོད་པ། འཆར་གཞིའི་ནང་དུ་འཕྲལ་ཕུགས་གཉིས་ལྡན་གྱི་སྲུང་སྐྱོབ་དང་དོ་དམ། ཉམས་གསོའི་འཆར་གཞི་ སོགས་གཏོགས་སོ། (དཔྱད་གཞིའི་ཡོང་ཁུངས། Feilden, Bernard M དང་། Jokilehto, Jukka ། འཛམ་གླིང་རིག་ གནས་གནའ་རྫས་ས་ཁུལ་གྱི་དོ་དམ་རྩ་གནས། ICCROM མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་ རིག་གནས་རྩ་འཛུགས་ཀྱི་བཅར་འདྲི་ཚོགས་པ་སོགས་ནས། Katja Virtanenཡིས་དྲངས་ཤིང་ཕྱོགས་ བསྡོམས་མཛད་པ།) འདས་པའི་གནས་ཚུལ་སྦྲུམ་པའི་ལོ་རྒྱུས་ཀྱི་གནའ་ཤུལ་དག དུས་རབས་མང་པོ་བརྒྱུད་དེ་ད་ལྟ་འ་བར་ ཉར་ཚགས་བྱས་པ་ནི། གནའ་བོའི་སྲོལ་རྒྱུན་གྱི་བདེན་དཔང་གསོན་པོ་ཞིག་ཏུ་གྱུར་ཡོད་པས། མི་རྣམས་ ཀྱིས་དེ་དག་མིའི་རིགས་ཀྱི་ཐུན་མོང་རང་བཞིན་གྱི་རིན་ཐང་ཡིན་པ་རིམ་བཞིན་རྟོགས་པ་མ་ཟད། གནའ་ བོའི་ཤུལ་རྗེས་དེ་མིའི་རིགས་ཐུན་མོང་གི་ཤུལ་བཞག་ཏུ་བརྩིས། མི་རབས་རྗེས་མའི་ཆེད་དུ་དེ་ཚོར་སྲུང་ སྐྱོབ་བྱེད་རྒྱུ་ནི་འཛམ་གླིང་ཀུན་གྱིས་ཁས་ལེན་པའི་འོས་འགན་ཞིག་ཏུ་གྱུར་ཡོད་རྐྱེན། ང་ཚོ་ལའང་ཤུལ་ བཞག་རྒྱུ་དངོས་འདི་དག་འཐུས་ཚང་སྐྱོན་བྲལ་སྒོས་མི་རབས་རྗེས་མར་སྤྲོད་རྒྱུའི་འོས་འགན་ཡོད་དོ། ་་་་་་་་་་་་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཝེ་ཉི་སིའིེ་རྩ་ཁྲིམས།
|
![]() |
ཚན་པའི་སྟ་གོན་དང་དམིགས་འབེན། |
![]() |
ང་ཚོས་ཆ་རྐྱེན་དང་ས་ཁུལ། ད་ཡོད་ཀྱི་བཟོ་བཀོད་བཅས་ལ་རེ་རེ་བཞིན་ཞིབ་འཇུག་དང་། དཔྱད་བསྡུར་ གདེང་འཇོག ཐིག་འཇལ་དབྱེ་ཞིབ་བྱས་རྗེས། བསྐྱར་གསོའི་འཆད་འགོད་བྱ་བར་འཕྲལ་དུ་ཐག་གཅོད་ དགོས་པའི་གནད་དོན་ཞིག་འཕྲད་པ་ནི་ཉམས་གསོའི་འཆར་གཞིའི་བྱ་བའི་འགན་སུས་འཁུར་རྒྱུ་དེ་རེད། བཟོ་བཀོད་ཀུང་ཟིས་བསྐྱར་གསོ་བྱས་ཚར་པའི་ས་ཁུལ་དེའི་བཟོ་སྐྲུན་ལ་བརྟག་དཔྱད་བྱེད་དུས། གཤམ་ གསལ་གྱི་གནད་དོན་ཁ་ཤས་འདུག ལག་རྩལ་རྙིང་པ་མང་པོ་ཞིག་བརྗེད་ཚར་བ་དང་། བཟོ་སྐྲུན་གྱི་ ལས་ཀ་མགྱོགས་དྲགས་ཤིང་སྤུས་ཚད་ཞན། ཉམས་གསོ་བྱས་མེད་པའི་བཟོ་བཀོད་རྙིང་པ་ལས་སྤུས་ཚད་ ཧ་ཅང་ཞན་པ་སོགས་སོ། THFཡིས་ཟླ་ཤས་སྤྱད་དེ་དུས་རབས་ཉི་ཤུ་པའི་ལོ་རབས་བཞི་བཅུ་ལྔ་བཅུ་པའི་ལག་རྩལ་པ་བགྲེས་སོང་ ཚོ་བཙལ་ཞིང་། ཁོ་ཚོ་དགུང་ལོ་བགྲེས་ཀྱང་ལས་གནས་སུ་ཆས་ཏེ་མཛུབ་སྟོན་གནང་བར་ཡིད་འཐད་བྱུང་ བས། སྤྲོ་སྣང་ཆེན་པོས་བསྐྱར་གསོའི་བཟོ་སྐྲུན་དང་སྦྱོང་བརྡར་གྱི་བྱ་བར་ལྟ་ཞིབ་དང་མཛུབ་སྟོན་མཛད། དཔེར་ན། ཆེ་མོ་མིག་དམར་དང་བྱམས་པ་སྐལ་བཟང་། ལས་དཔོན་འཕྲལ་སེལ་སོགས་ལྟ་བུ། |
![]() |
ངོས་གཙོ། » THFཡི་ལས་ཚན། » བྱ་བའི་འཆར་གཞི།
|
པར་གཞི་བོད་ལྗོངས་རིག་གནས་འཕེལ་རྒྱས་ཀུན་མཐུན་ཐེབས་རྩ་ལྷན་ཚོགས་(THF)ལ་དབང་།
|