དྲ་ཚིགས་ཇི་ལྟར་ལས་པའི་སྐོར།

ལྷ་ས་ཡིག་ཚགས་ཚན་པའི་བྱ་གཞག་གི་ཆེད་དུ། ཨན་འབྲུར་ཨར་ལེ་བཟན་རྡུ་དང་། ཕིན་ཕིན་བདེ་ གྲགས་བེ་རྡོ། ཡའོ་ཐ་ཁ། ཅོན་ཧར་རེ་སན་དང་THFཡི་ལས་སྒྲུབ་མི་སྣ་གཞན་དག་བཅས་ཀྱིས་རྒྱུ་ཆ་ དང་འདྲ་པར་མང་ཆེ་བ་འཚོལ་སྡུད་བྱས། ཨར་འབྲོར་པུ་རེ་ན་དང་ཨན་འབྲུར་ཨར་ལེ་བཟན་རྡུ་རྣམ་ གཉིས་ཀྱིས་ལྷ་སའི་ས་ཁྲ་འབུར་པར་མ་བཀྲུས་པ་དང་། 1994ལོར་མའོ་རེ་ཟི་ཡིས་རྒྱུ་ཆ་དག་སྒྲིག་ཨང་ ཅན་དུ་སྒྱུར་བར་རོགས་སྐྱོར་ཐོབ་པ་དང་།དེ་རྗེས་སྐུ་ཞབས་ཁེན་ཨའོ་ཁུ་མ་དང་ཡའོ་ཧྲི་ཁིས་ཐ་ཏ་ (Yoshiaki Tada)རྣམ་གཉིས་ཀྱིས་Quark Express དང་MiniCAD Auto CAD དང་Adobe
Illustrator བཅས་སྒྲིག་རིམ་སྤྱད་དེ་ལེགས་བཅོས་བྱས།

ཁྱེད་མཆོག་གིས་ལྷ་སའི་འདྲ་པར་དང་། བོད་ཀྱི་ས་ཁུལ་གཞན་དག་དང་འབྲེལ་ཡོད་བཟོ་སྐྲུན་རིགས་ཀྱི་ འདྲ་པར་སྐོར་ང་ཚོའི་E-Mail རུ་བསྐུར་དེ་རོགས་རམ་བྱས་ཆོག

THFཡི་དྲ་ཚིགས་དང་པོ་1998ལོར་ཡ་གླིང་སྒྱུ་རྩལ་ཚོགས་པའི་རོགས་རམ་འོག་བཙུགས་པ་དང་། འདི་ རུ་ང་ཚོས་(སྐུ་ཞབས) ལན་ཨེ་འོ་སུ་ཕུ་(lan Alsop)ལ་སྙིང་ཐག་པ་ནས་ཐུགས་རྗེས་ཆེ་ཞུ། ད་ལྟའི་དྲ་ ཚིགས་ཀྱི་མཚན་ཉིད་དང་གྲུབ་ལུགས་ནི་མའོ་རེ་ཚུ་(Mrtz)དང་། THF མཁའ་བཟོ་ཧོ་ཨོ་ཁ་(Kazuho
Oka) སོགས་ཀྱིས་བཟོས་པ་དང་། སྒྲིག་རིམ་ཕལ་ཆེར་བ་མའོ་རེ་ཆུ་དང་། མཁའ་བཟོ་ཧོ། ཐོ་མོ་ཁུས་ ཐེ་ཁ་རྡ་(Tomoaki Takeda)གསུམ་གྱིས་བཟོས། རྒྱུ་ཆ་སྒྲིག་ཨང་ཅན་དུ་ཕལ་ཆེར་བ་ཁེན་ཨའོ་ཁུ་ མ་དང་། ལྷུན་འགྲུབ་རྡོ་རྗེ། ཉི་མ་ཚེ་རིང་གསུམ་གྱིས་ལེགས་གྲུབ་བྱས། རྒྱུ་ཆ་མང་ཆེ་བ་ནི་སྤྱི་ལོ་
1998ལོ་ནས་2000ལོའི་བར་ལྷ་ས་སྡོད་ཁུལ་རྙིང་པ་སྲུང་སྐྱོབ་བྱ་གཞག་ཚོ་ཆུང་གི་ལས་ཀའི་རྒྱུ་ཆ་ཡིན།

དྲ་ཚགས་འདི་རུ་འཁྲུལ་བའམ་འཐུས་མི་ཚང་བ་མཆིས་ན་ངེད་ཅག་གིས་དགོངས་དག་ཞུ་ལ་བློ་ལྡན་དག་ གིས་འཁྲུལ་མེད་མཛུབ་སྟོན་གནང་བར་སྙིང་ནས་རེ།


ངོས་གཙོ། » THFལ་མཇལ་བ།དྲ་ཚིགས་ཇི་ལྟར་ལས་པའི་སྐོར།
པར་གཞི་བོད་ལྗོངས་རིག་གནས་འཕེལ་རྒྱས་ཀུན་མཐུན་ཐེབས་རྩ་ལྷན་ཚོགས་(THF)ལ་དབང་།