![]() |
![]() |
![]() |
![]() |
ཡིག་ཚགས་ཚན་པ།ལྷ་ས་ཡིག་ཚགས་སུ་བོད་ལྗོངས་ཀྱི་ལོ་རྒྱུས་ལྡན་པའི་བཟོ་བཀོད་སྟོང་ཕྲག་ལྷག་གི་འདྲ་པར་དང་། བཟོ་ བཀོད་ཀྱི་གནས་ཚུལ་ཞིབ་ཕྲ། བཟོ་རྩལ་གྱི་བྱེད་ཐབས། གར་གནས་ཀྱི་ས་ཁྲ། ཐིག་བླངས་པའི་གཞི་ གྲངས་གསལ་ལྡན་གྱི་ངོས་མཉམ་རི་མོ་བཅས་འདུས་པ་མ་ཟད། ས་ཁུལ་དེ་གའི་འབྲེལ་ཡོད་ཀྱི་ལོ་རྒྱུས་ རྒྱུ་ཆའང་ཡོད། འདི་ཡིས་བོད་ལྗོངས་ཀྱི་བཟོ་བཀོད་སྒྱུ་རྩལ་གྱི་ཞིབ་འཇུག་སྔར་ལས་ལྷག་པར་དར་སྤེལ་ དུ་གཏོང་བ་ལ་ཐོན་ཁོངས་ཀྱི་རྨང་བཏིང་ཡོད། མ་འོངས་པར་ང་ཚོས་ངེད་ཅག་གི་ཡིག་མཛོད་དུ་དྲ་ སྟེང་དུ་བཙལ་འདྲི་བྱེད་ཆོག་པའི་འདྲ་པར་དང་ངོས་མཉམ་རི་མོ་མང་པོ་འདོན་སྤྲོད་བྱེད་ཀྱི་ཡིན། འདི་དག་ཚང་མ་ནི་དམིགས་བཀར་གྱིས་བརྒྱབ་པའི་འདྲ་པར་ཡིན་པས། ཞིབ་འཇུག་མི་སྣ་དང་སྒེར་ སྤྱོད་མི་སྣས་འདི་རུ་བཀོད་པའི་གནས་རྙིང་གི་འདྲ་པར་དང་། རྟོག་ཞིབ་ཀྱི་གནས་ཚུལ། ས་ཁྲ་བཅས་ ལྟ་ཀློག་བྱས་ཆོག བོད་ལྗོངས་རིག་གནས་འཕེལ་རྒྱས་ཀུན་མཐུན་ལྷན་ཚོགས་སམ་ལྷ་ས་ཡིག་ཚགས་ཚན་པ་ནི་ཁེ་ཕན་རང་ བཞིན་མི་ལྡན་པའི་རྩ་འཛུགས་ཤིག་ཡིན་ཕྱིར། བཀོལ་སྤྱོད་ཀྱི་མ་རྩ་ལས་གཞན་པའི་རོགས་སྐྱོར་མ་ དངུལ་བླངས་མི་ཆོག་ལ། བླངས་ན་འང་ང་ཚོའི་ཚན་པ་ག་གེ་མོ་ཞིག་གི་མཁོ་དངུལ་གྱི་གནས་ཚུལ་དངོས་ ལ་ལྟ་དགོས། གལ་ཏེ་ཁྱེད་ཀྱིས་འདི་རུ་འབྲེལ་ཡོད་ཀྱི་བརྡ་འཕྲིན་དང་། འདྲ་པར། ས་ཁྲ་སོགས་མར་ཕབ་ན། དེ་དག་ གི་ཡོང་ཁུངས་གསལ་པོ་འགོད་རོགས། གལ་ཏེ་ཁྱེད་ལ་འབྲེལ་ཡོད་ཞིག་གསོའི་ལས་ཚན་གྱི་ལག་རྩལ་སྙན་ཞུ་མཁོ་ན་འདི་རུ་རེ་ཞུ་བྱེད་ཆོག་ལ། ང་ཚོས་ཁྱེད་ཀྱི་འདོད་པ་སྐོང་ངེས། གཞན་སླར་གསོའི་ལས་ཚན་ཁྲོད་ཀྱི་ཉམས་མྱོང་བརྗེ་རེས་དང་། ལྷག་པར་དུ་ཧི་མ་ལ་ཡའི་བཟོ་བཀོད་ཀྱི་ཞིག་གསོའི་ཉམས་མྱོང་དངོས་ལ་ང་ཚོ་སྤྲོ་བ་ཧ་ཅང་ཆེ་བས། འདི་རུ་དུས་རབས་ཉི་ཤུ་བའི་ལོ་རབས་དགུ་བཅུའི་དུས་དཀྱིལ་ནས་བོད་ལྗོངས་ཀྱི་ཨར་ལས་པ་དང་། ཤིང་བཟོ། རི་མོ་པ། རྡོ་བཟོ་བ་བཅས་མཁས་པ་དག་གིས་བཏོན་པའི་ཉམས་མྱོང་རིན་པོ་ཆེ་བཀོད་ཡོད་ པས། སྤྲོ་བ་ཆེ་བའི་མཁྱེན་ལྡན་དག་གིས་ལྟ་ཀློག་བྱེད་ཆོག |
![]() |
![]() |
![]() |
![]() |
ངོས་གཙོ། » THFལ་མཇལ་བ། » ཡིག་ཚགས་ཚན་པ།
|
པར་གཞི་བོད་ལྗོངས་རིག་གནས་འཕེལ་རྒྱས་ཀུན་མཐུན་ཐེབས་རྩ་ལྷན་ཚོགས་(THF)ལ་དབང་།
|