![]() |
![]() |
![]() |
![]() |
བོད་ལྗོངས་རིག་གནས་འཕེལ་རྒྱས་ཀུན་མཐུན་ཐེབས་རྩ་ལྷན་ཚོགས་(THF) ཀྱི་ལས་སྒྲུབ་མི་སྣ།བསམ་ཕྱོགས་མཐུན་པའི་བློ་ལྡན་མང་པོ་བོད་ལྗོངས་རིག་གནས་འཕེལ་རྒྱས་ཀུན་མཐུན་ཐེབས་རྩ་ལྷན་ ཚོགས་སུ་ཞུགས་ནས་ཐུན་མོང་གིས་ལྟ་ན་སྡུག་པའི་བྱ་དངོས་ལ་སྲུང་སྐྱོབ་དང་ཉམས་ཆག་པ་གསར་སྐྲུན་ བྱས་པ་མ་ཟད། གླིང་ཆེན་བཞི་ནས་ཕེབས་པའི་གྲོགས་པོ་འདི་དག་གིས་ཐབས་ལམ་གང་རུང་བརྒྱུད་ནས་ སྒོམ་དཀྱེལ་ཆེན་པོས་རོགས་རམ་གནང་བྱུང་པས་ཁོང་ཚོ་ཚོང་མའང་THFཡི་ལས་མི་ཡིན། ཡིན་ཡང་། ཕངས་པ་ཞིག་ལ་ང་ཚོས་འདི་རུ་ཚང་མ་བཀོད་ཐབས་མ་བྱུང་། |
![]() |
![]() |
![]() |
![]() |
![]() |
ཚན་པའི་ལས་ཞུགས་མི་སྣ།
|
|
ལས་སྒྲུབ་མི་སྣ། ཕིན་ཕིན་ཨ་རྩེ་བེ་རྡོ།(Pimpim de Azevedo) |
བློ་འདྲི་ས། ཆེ་མོ་མིག་དམར་ལགས།
རྒན་ཆོས་མཆོག
རྒན་ཨོ་ལོ་ཆུང་ཆུང་།
རྒན་བློ་ཡག
ཨ་མ་འཕྲལ་སེལ་ལགས། |
རོགས་སྐྱོར་པ།THFཡི་ཚན་པར་ཕྱག་རྗེས་ཡོད་པའི་རོགས་སྐྱོར་པ་དག་ལ་འདི་རུ་ཆེད་དུ་གུས་པའི་ངང་ཐུགས་རྗེ་ཆེ་ཞུ། Carmen Tsui (ཞང་ཀང་།བཟོ་སྐྲུན་ཚན་ལྡན་ཡིག་ཆའི་ལས་སྒྲུབ་པ།) ཞང་ཀང་རྒྱའི་སྐད་ཡིག་སློབ་ཆེན་གྱི་ཨར་ལས་ཚན་ཁག་དང་། ཧྲང་ཧའེ་ཐུང་ཅིས་སློབ་ཆེན། ཧན་པོ་མཐོ་རིམ་ལག་ རྩལ་སློབ་གླིང་། བེ་སུ་མ་མཐོ་རིམ་ལག་རྩལ་སློབ་གླིང་བཅས་ཀྱི་སློབ་མ་དག་གིས་THFཡི་ཡིག་ཚགས་ལས་ཀར་རྒྱབ་ སྐྱོར་ཆེན་པོ་གནང་། |
THFཡིས་བློ་འདྲི་སའི་ཆེད་མཁས།པོ་ལིན་མཐོ་རིམ་ལག་རྩལ་སློབ་གླིང་གི་དགེ་རྒན་ཆེན་མོ་ཡུག་རེ་ཁྲི་ཧྥུ་རེ་ཐེ་རྒུ (Ulrich Freitag) ཞང་ཀང་གི་དགེ་རྒན་ཆེན་མོ་ཧོ་ཕེ་ཕུན (Puay-Peng Ho) ཨམ་ཧུར་སུ་ཐི་སློབ་གླིང་གི་དགེ་རྒན་ཆེན་མོ་སྦྲད་ནེ་ཐུག་རྒྱ་མཚོ (Janet Gyatso) |
THFཡི་རྒྱབ་སྐྱོར་པ།ཉིག་ཡོའི་གན་རྡེའུ་ཧྥེ་རྡུ་མན་དང་། ཁེ་རོ་རེ་ཁྲེས། མའེ་རེས་ཁེ་ཨོ་ཐུས་བཅས། ཞང་ཀང་གི་ཧོ་ལུས་སི་པུ་རུའུ་ཁུ་བི་དང་། གའེ་རོ་རྡུ་ཧའེ་ཟུ་ལུས་བཅས། |
THFལས་ཁུངས་ཀྱི་གྲུབ་ཚུལ་དང་ལོ་རྒྱུས།1993ལོར། ཨན་འབྲུ་ཨར་ལེ་བཟན་རྡུ་དང་། ཕིན་ཕིན་ཨ་རྩེ་བེ་རྡོ། ཨན་འབྲོ་པུ་རེ་ནན་གསུམ་གྱིས་ལྷ་ས་ཡིག་ ཚགས་ཚན་པ་(བསྡུས་མིང་ལ་LAP)བཙུགས། LAPནི་རྒྱལ་སྤྱིའི་རང་བཞིན་གྱི་ཞིབ་འཇུག་ཚན་པ་ཞིག་ཡིན་ལ། ལྷ་ས་གྲོང་ཁྱེར་དཀྱིལ་དབུས་ཀྱི་ལོ་རྒྱུས་ལྡན་པའི་ཁྲོམ་སྲང་ལ་ཕྲ་ཞིང་ཞིབ་པའི་ཞིབ་འཇུག་དང་ཡིག་ཚགས་སྒྲིག་པའི་ ལས་ཀ་སྤེལ། ཚན་པ་འདི་ནི་ལྷ་ས་གྲོང་ཁྱེར་གྱི་དཀྱིལ་དབུས་བསྐྱར་དར་བྱུང་པའི་ཁོར་ཡུག་འོག་བསྐྲུན་པ་ཡིན། 1995ལོར་ཨོ་ཏུ་ལིའི་"རྒུ་རེ་བཟོས" (GRAZ)ནས་འཚོགས་པའི་རྒྱལ་སྤྱིའི་བོད་ཀྱི་ཤེས་རིག་ཞིབ་འཇུག་གླེངམོལ་ ཐོག་LAPཡིས་ལྷ་སའི་ལོ་རྒྱུས་ལྡན་པའི་བཟོ་བཀོད་ལེགས་སྒྲིག་བྱུང་བའི་ཡིག་ཚགས་རྒྱུ་ཆ་དག་ངོ་སྤྲོད་བྱས། ཡང་1995ལོར་གདན་ཞུས་ལྟར་ལྷ་ས་ནས་བསྡུས་པའི་མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་གྱི་དཔྱད་བརྗོད་ གྲོས་མོལ་དུ་ཞུགས། སྔོན་མར་LAPདང་ཕྲོན་རྡུ་ཧེ་མུ་སློབ་ཆེན་གྱི་ལྷ་སའི་ས་ཁྲ་ཕྱོགས་བསྒྲིགས་ཚན་པའི་ཚོ་ཆུང་གཉིས་མཉམ་ལས་བྱས་ པ་མ་ཟད། མཐུན་པའི་ཆིངས་རྒྱ་བཞག་སྟེ་ལས་འབྲས་མཉམ་རོལ་བྱས་མོད། ཡིད་ཕངས་པ་ཞིག་ནི། དེའི་པར་སྐྲུན་ དེབ་ཚོགས་ཐོག་སྤྱད་པའི་འདྲ་པར་དང་ཐིག་བླངས་ཚད་འཇལ་གྱི་རྒྱུ་ཆའི་འོག་LAP ཡི་མིང་བཀོད་མི་འདུག དེའི་རྗེས། མུ་མཐུད་དུ་འཇར་མན་དང་ཀྲུང་གོའི་སློབ་ཆེན་འགའ་ཞིག་དང་མཉམ་ལས་བྱས། ང་ཚོས་ལྷ་སའི་བཟོ་བཀོད་རྙིང་པར་སྲུང་སྐྱོབ་བྱེད་དགོས་ན། ཡིག་ཚགས་སྒྲིག་པ་འབའ་ཞིག་གིས་གཏན་ནས་མི་ འདང་པ་ཚོར་རྟོགས་བྱུང་། 1996ལོར། ལྷ་རམས་པ་ཧེ་རྡུ་སི་ཏོ་རྡུ་དུ་དང་ཨེ་རེ་ཁོ་ཨན་འབྲི་ལོ་རྣམ་གཉིས་ཀྱི་རོགས་སྐྱོར་འོག བོད་ལྗོངས་ རིག་གནས་འཕེལ་རྒྱས་ཀུན་མཐུན་ཐེབས་རྩ་ལྷན་ཚོགས་དེ་སྲིད་གཞུང་གི་རྩ་འཛུགས་མིན་པའི་ཆས་སུ་ལྷ་སར་ བཙུགས། ལྷ་རམས་པ་སི་ཏོ་རྡུ་དུ་ཡི་"ཞ་ལུ་མཐུན་ཚོགས་"ནི་བོད་ལྗོངས་ཀྱི་ལོ་རྒྱུས་རིང་པའི་དགོན་པ་སྲུང་སྐྱོབ་ བྱེད་པའི་དབུ་བསྐྱོད་པ་ཡིན། THFབཙུགས་རྗེས། སྡོད་ཁུལ་རྙིང་པའི་སླར་གསོ་ལ་དངོས་སུ་ལག་ལེན་ཐུབ་པའི་འཆར་གཞི་ཞིག་གཏན་ལ་བབས་ སྟེ། ལྷ་ས་གྲོང་རྙིང་འདི་ཡུལ་སྐོར་པའི་ཏེ་སུ་ནིའི་རྩེད་ར་མི་འགྱུར་བར་འབད་འབུངས་བྱས། 1996 - 2000ལོའི་ བར་སླར་གསོའི་ཚན་པ་ལག་ཏུ་བསྟར། 1998ལོར། THFལྷ་ས་གྲོང་ཁྱེར་སྲིད་གཞུང་གིས་བཙུགས་པའི་ལྷ་སའི་སྡོད་ཁུལ་རྙིང་པའི་སྲུང་སྐྱོབ་དབུ་འཁྲིད་ཚོ་ ཆུང་གི་གྲས་སུ་ཞུགས་ཏེ་མཉམ་དུ་སྡོད་ཁུལ་རྙིང་པའི་སྲུང་སྐྱོབ་ཚན་པ་ལག་བསྟར་བྱས། ཚོ་ཆུང་ལ་ད་དུང་ལྷ་ས་ གྲོང་ཁྱེར་རིག་དངོས་ཅུའུ་དང་། ལྷ་ས་གྲོང་ཁྱེར་སྡོད་ཁང་དོ་དམ་ཅུའུ། ལྷ་ས་གྲོང་ཁྱེར་འཆར་འགོད་ཅུའུ། ལྷ་ས་ གྲོང་ཁྱེར་བཟོ་སྐྲུན་ཅུའུ་བཅས་འདུས་ཡོད། དེར་བསྟེན་ནས་THFལ་སྔར་ལས་ལྷག་པའི་ཞིབ་བཤེར་དང་ཞིབ་འཇུག་ བྱེད་པའི་གོ་སྐབས་བྱུང་བས། ཚན་པ་འདིས་དུས་དང་འཚམས་པའི་སྐྱོག་མཚམས་ཤིག་མཚོན། དེ་རྗེས་སུ་THFཡི་ ཚན་པའི་ཁྱབ་ཁོངས་མུ་མཐུད་དུ་རྒྱ་བསྐྱེད།གྲོང་ཁྱེར་དཀྱིལ་དབུས་ཀྱི་སྡོད་ཁུལ་རྙིང་པའི་སྲུང་སྐྱོབ་དང་བར་སྐོར་ས་ ཁུལ་གྱི་ཚོད་ལྟའི་ལས་ཀ་དེ་ལྷ་ས་དང་ས་ཁུལ་གཞན་དག་ཏུའང་ཁྱབ་གདལ་བྱུང་། |
ཕྱིར་ལོག་པ། |
ངོས་གཙོ། »
THFལ་མཇལ་བ།
»
THFཡི་ལས་སྒྲུབ་མི་སྣ།
|
པར་གཞི་བོད་ལྗོངས་རིག་གནས་འཕེལ་རྒྱས་ཀུན་མཐུན་ཐེབས་རྩ་ལྷན་ཚོགས་(THF)ལ་དབང་།
|