THFལ་འབྲེལ་གཏུག་གནང་།

THFཡི་ལས་ཀའི་དམིགས་ཡུལ།

  • སྤྱིར་བཏང་ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་ལྷག་པར་བོད་ཀྱི་ལོ་རྒྱུས་རང་བཞིན་གྱི་བཟོ་སྐྲུན་ ལ་གཅེས་སྲུང་བྱེད་པ།
  • ལས་རིགས་སྦྱོང་བརྡར་། སློབ་གཉེར་བྱེད་པ། བསམ་བློ་བརྗེ་རེས་སོགས་བྱེད་པར་གོ་སྐབས་དང་ ཁོར་ཡུག་ལེགས་པོ་བསྐྲུན་པ།
  • བོད་ཀྱི་བཟོ་སྐྲུན་རིག་པ་དང་ལག་རྩལ་དར་རྒྱས་སུ་གཏོང་བར་རྒྱབ་སྐྱོབ་བྱེད་རྒྱུ།
  • གྲོང་ཁྱེར་ལྷ་སའི་ཡུན་རིང་གི་འཕེལ་རྒྱས་དང་། གྲོང་མིའི་འཚོ་བའི་ཆུ་ཚད་སྔར་ལས་མཐོར་ འདེགས་གཏོང་བ་དང་བསྡོངས། THFདང་ཐུན་མོང་གི་དམིགས་ཡུལ་མཆིས་པའི་ལས་ཁུངས་ དག་ལ་རྒྱབ་སྐྱོར་བྱེད་པ།

THFཡིས་རིག་གནས་དང་མི་རིགས་མི་གཅིག་པར་ཕན་ཚུན་ལ་ངོ་སྤྲད་དེ་ཤེས་སུ་འཇུག་པ་དང་མཉམ་ ལས་བྱེད་པར་སྐུལ་ཏེ་འཛམ་གླིང་གི་ཤུལ་བཞག་རིག་གནས་ལ་དགེ་ཕན་སྒྲུབ་སྟེ། ས་གནས་རང་གི་ཆེད་ མཁས་ཚོ་དང་འབྲེལ་ཡོད་ཀྱི་ཀྲུང་གོའི་སྲིད་གཞུང་ལས་ཁུངས་དག་དང་མཉམ་དུ་བྱ་བ་སྒྲུབ་ཀྱིན་ཡོད་ལ། མཉམ་འབྲེས་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་(UNESCO)ཀྱིས་ཀྱང་དོ་སྣང་བྱས་འདུག

THFཡི་དམིགས་ཡུལ་ལ་ཁེ་ཕན་རང་བཞིན་མི་ལྡན་པ་སྨྲ་མི་དགོས་ཤིང། བསྡུ་གསོག་བྱས་པའི་མ་དངུལ་ ལམ་མ་དངུལ་འདི་ལ་བརྒྱུད་དེ་མི་སྒེར་ལ་ཐོབ་པའི་ཁེ་ཕན་སོ་སོར་དབྱེ་མི་ཉན་(དངུལ་ཁང་གི་སྐྱེད་ཀ་ དང་བཙོང་བའི་དུས་དེབ་སོགས་ཀྱང་འདུས)། མ་དངུལ་དང་དེ་ལས་བྱུང་བའི་ཁེ་ཕན། ད་དུང་མ་དངུལ་ བཀོལ་ཐབས་སོགས་གང་ཡིན་རུང་THFཡི་ལོ་རེའི་སྙན་ཞུ་དང་། ལོ་རེའི་སྔོན་རྩིས་སྙན་ཞུ། རྩིས་ཐོའི་ སྙན་ཞུའི་ནང་རེ་རེ་བཞིན་གང་ལ་སྤྱད་པ་དང་གང་ལས་བྱུང་བ་གསལ་བཤད་བྱེད་དགོས་པ་མ་ཟད། མ་ དངུལ་འདི་དག་གི་གཏོང་ཡུལ་THFཡི་བྱ་བའི་དམིགས་ཡུལ་དང་མཐུན་དགོས། གལ་ཏེ་THFགྲོལ་ཚེ། མ་དངུལ་ལྷག་མ་ཡོད་ཚད་ཁེ་ཕན་མི་ལྡན་པའི་རྩ་འཛུགས་སུ་དངོས་སུ་ཁས་འཆེས་པ་དེ་ལ་བརྒྱུད་སྤྲོད་ བྱེད་རྒྱུ་ཡིན། ཁོང་ཚོས་ཀྱང་མ་དངུལ་དེ་ཁེ་ཕན་མི་ལྡན་པའི་ལས་ཀ་རྐྱང་ལ་བཀོལ་དགོས།




སྦྱིན་བདག་དང་རོགས་སྐྱོར་བྱེད་མཁན། (གལ་ཏེ་ཁྱེད་ཀྱི་ཐུགས་རྗེས་སྐྱོང་ན་འདི་མནོན་ཤིག )

པེ་ཅིན་དུ་སྡོད་པའི་ཧོ་ལན་གཞུང་ཚབ་ཁང་། འཇར་མན་ལག་རྩལ་མཉམ་ལས་ཀང་ཟི། འཇར་མན་སྲིད་གཞུང་དཔལ་འབྱོར་དར་རྒྱས་མཉམ་ལས་སྡེ་ཁག Misereor Heinrich Boell ཐེབས་རྩ་ཚོགས་པ། པེ་ཅིན་དུ་སྡོད་པའི་འཇར་མན་གཞུང་ཚབ་ཁང་། Carl-Duisberg Gesellschaft ASA programm ཀུན་ཕན་ཐེབས་རྩ་ཚོགས་པ། ཁ་ན་ཏ་ཐེབས་རྩ་ཚོགས་པ། ཨོ་ཏ་ལི་ཡ་(ཨོ་ཏ་ལི་ཡ་སྲིད་གཞུང་རོགས་སྐྱོར་ཚན་པ) The Getty Grant Program Pioneer Valley Friend Of Tibet
Albert Kunstadter Family Foundation
Shalu གྲོས་མོས་ཚོགས་པ། Shalu འཇར་མན་ e.V. Royal Geographic Society འཛམ་གླིང་རིག་གནས་ཤུལ་བཞག་ནའོ་ཝེ་ཨུ་ཡོན་ཚོགས་པ། Lost and Foundation
Mailman Foundation
The Niarchos Foundation THFཡི་ཞང་ཀང་དང་ཉིག་ཡོའི་གྲོགས་པོ་དག

THFཡི་ས་གནས་རང་གི་མི་སྣ་གསོ་སྐྱོང་དང་བཟོ་སྐྲུན་སླར་གསོ་བྱེད་པའི་ཚན་པ་སོ་སོར་མུ་མཐུད་དུ་མ་ དངུལ་མཁོ་བ་མ་ཟད། མ་འོངས་བའི་བོད་ཀྱི་སྲོལ་རྒྱུན་བཟོ་སྐྲུན་རིག་པ་ཡིག་ཚགས་ལས་པ་དང་སླར་གསོའི་ ལག་རྩལ་འཕེལ་རྒྱས་སུ་གཏོང་པར་ཡང་མ་དངུལ་མཁོའོ།

THFལ་རོགས་སྐྱོར་བྱེད་ན་

ཡོ་རོབ་གླིང་དུ་ ཁྱེད་ཀྱིས་ང་ཚོར་པོ་ལིན་(Berlin)དུ་ཡོད་པའི་ཁྲལ་མི་དགོས་པའི་ཐོ་ཁོངས་སྤྱད་ཆག

ཨ་མི་རི་ཁ་རུ་ ཁྱེད་ཀྱིས་དངུལ་སྤྲོད་འཛིན་ཤོག་ Pioneer Valley Friends Of Tibet ལ་སྐུར་ཏེ་ཁྲལ་མི་དགོས་ བའི་འཕྲོད་ཡིག་བླངས་ཆོག


THFལ་ e-mail བསྐྲུར་ན།
THFཡི་དཔེ་ཆ་དང་པར་དུ་བསྐྲུན་པའི་དུས་དེབ་ཉོ་ན། པར་ངོས་འདི་རུ་ཡོད།

ངོས་གཙོ། » THFལ་མཇལ་བ། »  THFལ་འབྲེལ་གཏུག་གནང་།
པར་གཞི་བོད་ལྗོངས་རིག་གནས་འཕེལ་རྒྱས་ཀུན་མཐུན་ཐེབས་རྩ་ལྷན་ཚོགས་(THF)ལ་དབང་།