བོད་ལྗོངས་རིག་གནས་འཕེལ་རྒྱས་ཀུན་མཐུན་ཐེབས་རྩ་ལྷན་ཚོགས་(THF)

ཐེབས་རྩ་ལྷན་ཚོགས་འདི་ནི་པའོ་ལིན་(Berlin) དུ་ཐོ་འགོད་བྱས་པའི་ཁེ་ཕན་རང་བཞིན་མི་ལྡན་པའི་ རྩ་འཛུགས་ཤིག་ཡིན་ལ། ཁྱབ་རྒྱ་ཆེ་བའི་རྒྱལ་སྤྱིའི་མི་སྣ་དང་རོགས་སྐྱོར་པ་མང་པོ་ཡོད། རྩ་འཛུགས་ བྱས་པའི་དམིགས་བྱ་ནི་བོད་ལྗོངས་རིག་གནས་ཤུལ་བཞག་དར་སྤེལ་དུ་གཏོང་བ་དང་། བོད་ཀྱི་རིག་ གནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཤེས་སུ་འཇུག་པ། རྒྱལ་སྤྱིའི་བར་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ་ བཅས་ཀྱི་ཆེད་ཡིན། མིག་སྔར་བར་དུ་ངེད་ཐེབས་རྩ་ལྷན་ཚོགས་ཀྱིས་ལོ་རྒྱུས་ཀྱི་གྲགས་སྙན་ལྡན་པའི་ ལྷ་ས་གྲོང་ཁྱེར་ལ་ཞིབ་འཇུག་དང་སྲུང་སྐྱོབ་བྱེད་པ་ལས་དོན་གཙོ་བོར་བཞག་ཡོད་པས། ཁྱེད་ཀྱིས་རྒྱུད་ རིམ་དང་ལྡན་པའི་ས་ཁྲ་བརྒྱུད་དེ་ང་ཚོའི་རྒྱུ་ཆ་དང་སླར་གསོ་བྱས་པའི་ལས་ཀར་ལྟོས་ཆོག ང་ཚོས་རྩིས་ མཛོད་མཐུད་འབྲེལ་ཅན་ཞིག་བཟོས་ཡོད་པས། ལྷན་རྒྱས་ཀྱིས་དེ་རུ་ལོ་རྒྱུས་དོན་སྙིང་ལྡན་པའི་བཟོ་ བཀོད་བརྒྱ་ཕྲག་དུ་མའི་འདས་པ་དང་ད་ལྟའི་གནས་ཚུལ། སྤྱོད་སྒོ་སོགས་ཀྱི་འབྲེལ་ཡོད་བརྡ་འཕྲིན་ རྟོགས་ཐུབ་པ་མ་ཟད། དེ་མར་ཕབ་སྟེ་ས་ཁྲ་དག་ལ་རྗུན་དངོས་ཀྱི་རྟོག་ཞིབ་བྱས་ཆོག སྤྱི་ལོ་1996ལོ་ ནས་བཟུང་ངེད་ཐེབས་རྩ་ལྷན་ཚོགས་ཀྱིས་ལྷ་སའི་ལོ་རྒྱུས་ལྡན་པའི་བཟོ་བཀོད་ལ་སླར་གསོ་བྱེད་པའི་ འཆར་གཞི་ལས་འགོ་ཚུགས་པ་ཡིན། ས་གནས་སྲིད་གཞུང་དང་ས་གནས་ཁུལ་ལ་མཉམ་ལས་བྱས་ཏེ་སྔ་ གཞུག་དུ་གནས་རྙིང་སླར་གསོ་བྱེད་པའི་ལས་ཚན་ཉེར་བཞིར་མ་དངུལ་བཏང་སྟེ་རྩ་འཛུགས་བྱས། ངེད་ ཐེབས་རྩ་ལྷན་ཚོགས་ཀྱི་ལས་ཀ་གཞན་ཞིག་ནི་བོད་ལྗོངས་ཀྱི་སྲོལ་རྒྱུན་ལ་ཞིབ་འཇུག་དང་འབྲེལ་ཡོད་ཀྱི་ ཚད་དང་ལྡན་པའི་ཡིག་ཆ་སྒྲིག་རྩོམ་བྱ་བ་ཡིན། དེར་བརྟེན། ང་ཚོས་ཚོང་ལས་རང་བཞིན་མི་ལྡན་པའི་ དེབ་སྐོར་ཞིག་པར་དུ་བསྐྲུན་ཡོད།


THFདང་མཇལ་བ། | ལྷ་ས། | THFཡི་ལས་ཚན། | པར་འདེབས་རྒྱུ་ཆ། | བོད་ལྗོངས་ཀྱི་བཟོ་བཀོད།
པར་གཞི་བོད་ལྗོངས་རིག་གནས་འཕེལ་རྒྱས་ཀུན་མཐུན་ཐེབས་རྩ་ལྷན་ཚོགས་(THF)ལ་དབང་།